མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་མེ་འགོག་བྱ་བར་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ཉིན་དེ་ནས་སང་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་རག་བར་དུ། ཞིང་ཆེན་ཡོངས་ནས་རྩ་འཛུགས་བྱས་ཏེ་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་མེ་སྐྱོན་འགོག་བཅོས་བྱ་བ་སྤེལ་རྒྱུའི་ཐག་བཅད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། མེ་སྐྱོན་བྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་། ཅུང་ཆེ་བའི་མི་ཤི་མེ་སྐྱོན་དོན་རྐྱེན་མི་འབྱུང་བ། མི་མང་བོ་ཤི་བ་དང་མི་མང་བོར་རྨས་ཕོག་པའི་མེ་སྐྱོན་དོན་རྐྱེན་ཆེན་པོ་འབྱུང་བར་གཏན་ནས་སྔོན་འགོག་དང་བཀག་སྡོམ་བྱེད་པ་དམིགས་འབེན་དུ་བྱས་ཏེ། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་མེ་སྐྱོན་ཉེན་ཁར་དག་ཐེར་ལེགས་བཅོས་བྱེད་པ། སྔོན་འགོག་བཀག་སྡོམ་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ཕན་ནུས་ཡོད་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་མེ་འགོག་ནུས་པ་མཐོར་འདེགས་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་ལས་དོན་སྡེ་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མེ་གསོད་བདེ་འཇགས་འགན་འཁྲིའི་མ་ལག་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཤུགས་འདོན་དགོས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་མེ་གསོད་སྡེ་ཁག་གིས་ཁྲིམས་ལུགས་ཀྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ་རིགས་མི་འདྲ་བའི་མེ་གསོད་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱས་ནས། ཁྲིམས་འཛིན་བྱེད་ཐབས་དྲང་གཞག་ཅན་དང་། ཞིབ་བཤེར་བྱེད་ཐབས་དྲ་བཅད་ཅན། དོ་དམ་བྱེད་ཐབས་ཁྱིམ་ཐོ་ཅན། ལྟ་སྐུལ་བྱེད་ཐབས་ཚན་རྩལ་ཅན་སོགས་ཀྱི་རྣམ་པ་སྤྱད་དེ། ས་ཆ་གཙོ་བོ་དང་ས་ཁོངས་གཙོ་བོ། མེ་སྐྱོན་ཆེན་པོའི་ཐད་ནས་དམ་འཛིན་བྱས་ནས། ཕྱོགས་ཡོངས་ལ་ཁྱབ་པའི་མེ་གསོད་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་ཁྲོད་རྙེད་པའི་མེ་གསོད་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་བཟོད་སྒོམ་མི་བྱེད་པར་རྡུང་རྡེག་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྤྱི་བདེ་མེ་གསོད་སྡེ་ཁག་དང་སྲིད་གཞུང་། ཁེ་ལས་ཆེད་ལས་མེ་གསོད་རུ་ཁག་གིས་འཐབ་རྩོད་བྱེད་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་རྩ་བར་དམིགས་ནས། ལས་སྒྲུབ་སྣ་ཚོགས་ཀྱི་གྲ་སྒྲིག་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། མེ་གསོད་མྱུར་སྐྱོབ་སྦྱོང་བརྡར་དང་ཡུལ་དངོས་སྦྱོང་བརྡར་ལ་ཤུགས་བསྣན་ནས། མེ་གསོད་རུ་ཁག་གི་མེ་གསོད་ནུས་པ་མཐོར་འདེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག