མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་སྐོར་དང་བོའི་གྲས་སུ་བདམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་སྐོར་དང་བོའི་གྲས་སུ་བདམས། «མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལག་བསྟར་ཇུས་གཞི»ལ་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས་དངོས་སུ་ཆོག་མཆན་བཀོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཤུགས་ཆེན་པོས་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཐིན་དང་ཅུའུ་ལ་མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་བརྩོན་ལེན་བྱེད་པའི་བྱ་བ་ཧུར་ཐག་གིས་བསྒྲུབས་པ་དང་། བྱ་བ་སྒྲུབ་སྐབས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཐེངས་མང་བོར་འབྲེལ་འདྲིས་དང་ཡར་ཞུ་བྱས་ཏེ་བསམ་འཆར་བསྡུ་ལེན་རྒྱ་ཆེན་པོ་བྱས་པ་དང་། ཇུས་གཞི་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་བཏང་།

སྐྱེ་ཁམས་ཐོན་ཁུངས་ནི་མཚོ་སྔོན་གྱི་ཆེས་གཞི་རྩར་གྱུར་ཞིང་ཆེས་ཡུན་རིང་བའི་ཁྱད་སྟོབས་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པ་དང་འབད་པ་བྱས་པ་བརྒྱུད་གཙོ་བོ་བཅོས་སྐྱོང་ས་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཞིང་། རྨ་ཆུའི་མགོ་ཁུངས་རྨ་སྟོད་རྫོང་དུ་མཚེའུ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་ལ། གཙང་བོ་གསུམ་གྱིས་སྨད་རྒྱུད་ལ་ཆུ་འདོན་པའི་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག