མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྟ་བོ་ནས་པད་མ་བར་གྱི་གཞུང་ལམ་སང་ལོར་ལས་མགོ་རྩོམ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྟ་བོ་ནས་པད་མ་བར་གྱི་གཞུང་ལམ་སང་ལོར་དངོས་སུ་ལས་མགོ་རྩོམ་རྒྱུ་རེད།

རྟ་བོ་ནས་པད་མ་བར་གྱི་གཞུང་ལམ་དེ་རྟ་བོ་ནས་དར་ལག་བར་དང་། དར་ལག་ནས་པད་མ་བར་ཏེ་དུམ་བུ་གཉིས་ཀྱི་བགོས་ཡོད། དེའི་ནང་རྟ་བོ་ནས་དར་ལག་བར་གྱི་གཞུང་ལམ་གྱི་མགོ་ཚུགས་ས་དེ་རྟ་བོ་གྲོང་རྡལ་རྨ་ཆུ་ལམ་གྱི་ལམ་མདོ་ཡིན་ལ། ཁྱི་འབྲི་རི་བོ་དང་དགའ་བདེ་རྫོང་མཁར་བརྒྱུད་མཐར་དར་ལག་རྫོང་དུ་ཐོན་ཐུབ། ལམ་གྱི་རིང་ཚད་ལ་སྟོང་མུས་བརྒྱ་དང་རེ་གཉིས་ལྷག་ཡོད་པ་དང་། དེའི་ནང་དུ་ལམ་གཙོ་བོའི་རིང་ཚད་ལ་སྟོང་མུས་བརྒྱ་དང་སོ་བདུན་ལྷག་ཡོད། ཡན་ལག་ལམ་གྱི་རིང་ཚད་ལ་སྟོང་མུས་ཉེར་ལྔ་ལྷག་ཡོད། དར་ལག་ནས་པད་མ་བར་གྱི་གཞུང་ལམ་གྱི་མགོ་ཚུགས་ས་དེ་དར་ལག་ཡིན་པ་དང་། འོད་ཟེར་ཞང་དང་། སྨར་འབྲིང་ཞང་། མདོ་གོང་མ་ཞང་། འབོད་པ་ཞང་བརྒྱུད་མཐར་པད་མ་རྫོང་དུ་ཐོན་ཐུབ། ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་མུས་བརྒྱ་དང་རེ་བཞི་ལྷག་ཡོད། ལམ་ཧྲིལ་བོ་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་ལས་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་ཙམ་གཏང་རྒྱུ་རེད།

ལམ་དེ་ནི་མཚོ་སྔོན་གྱི་ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་སྦྲེལ་བའི་ལམ་ཞིག་ཡིན་ལ། ཞོར་དུ་ད་རུང་ཟི་ལིང་ནས་རྟ་བོ་དང་ཟི་ཁྲོན་ཞིང་ཆེན་གྱི་སེར་ཤུལ་བརྒྱུད་ནས་ཡུས་ཧྲུའུ་རུ་བགྲོད་པའི་གཞུང་ལམ་ཆེན་པོ་གཉིས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག