མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་ནས་མཚོ་སྔོན་གྱི་ཆེས་ཐོག་མའི་ཞང་དང་གྲོང་རྡལ་གྱི་བརྙན་གཟུགས་གྲོས་ཚོགས་ཀྱི་མ་ལག་བཙུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཞང་དང་གྲོང་རྡལ་གློག་རྡུལ་སྲིད་དོན་དང་བརྙན་གཟུགས་ཚོགས་འདུའི་མ་ལག་གྲུབ་སྟེ་དངོས་སུ་སྤྱོད་མགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞང་དང་གྲོང་རྡལ་ཡོངས་ཁེབས་པའི་རིམ་པ་དང་པོའི་བརྙན་གཟུགས་གྲོས་ཚོགས་མ་ལག་ཞིག་ཡིན་པའི་ཆ་ནས། མ་ལག་དེ་ཡོངས་འགྲུབ་བྱུང་བ་ནི། རྨ་ལྷོ་ཁུལ་གྱི་གློག་རྡུལ་སྲིད་དོན་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་གཞག་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ་མངོན་པར་མཚོན་ལ། རྨ་ལྷོ་ཁུལ་གྱི་བྱ་བའི་མཛུབ་སྟོན་བྱེད་ཕྱོགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། སྲིད་འཛིན་ལས་ཆོད་ཇེ་ཆེར་གཏོང་བ་བཅས་ལ་ཕན་དགེ་བླ་མེད་ཡོད།

རྨ་ལྷོ་ཁུལ་གྱི་ཞང་དང་གྲོང་རྡལ་བརྙན་གཟུགས་མ་ལག་ལེགས་འགྲུབ་བྱུང་བ་ནི། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་དམ་འཛིན་བྱེད་ཀྱིན་པའི་ཀུན་སྤྱོད་འཛུགས་སྐྲུན་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་འཐུས་ཤོར་མེད་པའི་ངང་ལག་ལེན་དུ་བསྟར་བ། ཚོགས་འདུ་བསྡུ་གྲངས་ཇེ་ཉུང་དང་ཚོགས་འདུ་ཉུང་བསྡུས་རན་པ་བསྡུ་བ། གང་ཐུབ་ཅི་ནུས་ཀྱིས་བརྙན་གཟུགས་གྲོས་ཚོགས་བསྡུ་བ་བཅས་ཀྱི་བླང་བྱར་དམིགས་པའི་བྱེད་ཕྱོགས་ཞིབ་ཕྲ་དང་ལྡན་པ་དེ་ཡིན། ཀྲུང་གོའི་གློག་འཕྲིན་རྨ་ལྷོ་ཡན་ལག་ཀུང་ཟི་ནི་ལས་གཞི་འགན་སྒྲུབ་བྱེད་མཁན་གཙོ་གྲས་ཡིན་པའི་ངོས་ནས། ས་གནས་སྲིད་གཞུང་དང་འབྲེལ་མཐུད་གང་ལེགས་བྱས་ཏེ། ལས་རིམ་ཁག་སྤུས་ཚད་མཐོ་ལ་ལས་ཆོད་མཐོ་བའི་ངང་སྤེལ་དགོས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག