མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་འབོར་ཆེན་བཏང་ནས་དབུལ་སྐྱོར་གྱི་བྱ་བར་མཐོང་ཆེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགའི་རིང་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་གྱི་ལས་གཞི་སོ་སོར་མ་དངུལ་སྒོར་དུང་ཕྱིར་གཅིག་དང་བྱེ་བ་གཅིག་ས་ཡ་བརྒྱད་ལག་བསྟར་དངོས་འབེབ་བྱས་ནས། ཞིང་ལས་རུ་ཁག་བཅུ་བདུན་དང་། ཁྱིམ་ཚང་བདུན་བརྒྱ་བདུན་ཅུ། མི་གྲངས་སྟོང་གཉིས་བརྒྱད་བརྒྱ་དྲུག་ཅུ་གནས་སྤར་ལ། ཆི་ལིན་རྫོང་དང་། མིན་ཡོན་རྫོང་གཉིས་ཀྱི་དབུལ་ཕོངས་སྡེ་བ་བཅུ་བདུན་གྱི་དབུལ་ཕོངས་ཀྱི་དཀའ་ངལ་གནད་དོན་ཐག་གཅོད་བྱས། དབུལ་ཕོངས་ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་སྟོང་དགུ་དང་དྲུག་བརྒྱ་བྱིན་ལ། ཁྱིམ་ཚང་སྟོང་གསུམ་དང་མི་གྲངས་ཁྲི་གཅིག་དང་སྟོང་གཉིས་ཀྱིས་དབུལ་སྐྱོར་གྱི་སྣེ་ཁྲིད་བྱས་ནས། སོ་སོར་མིན་ཡོན་རྫོང་དང་ཧེ་ཡན་རྫོང་གཉིས་ཀའི་ས་གནས་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་གནས་སྤར་ནས་རྗེས་མཐུད་ཐོན་ལས་གཉེར་དུ་བཅུག་ལ། མིན་ཡོན་རྫོང་དང་ཧེ་ཡན་རྫོང་། ཆི་ལིན་རྫོང་གསུམ་གྱི་དབུལ་སྐྱོར་ཐོན་ལས་ཚོད་ལྟའི་ལས་གཞིའི་འཛུགས་སྐྲུན་དངོས་འབེབ་ལག་བསྟར་བྱས་ནས་ད་སྔ་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་བྱེ་བ་གསུམ་དངོས་སུ་བཏང་ནས་དབུལ་སྐྱོར་གྱི་བྱ་བར་མཐོང་ཆེན་བྱས་ཏེ། ས་གནས་མང་ཚོགས་ལ་ཕན་བདེ་བླ་མེད་བསྐྲུན་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག