མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝུའུ་ལན་རྫོང་གིས་ཏང་ཡོན་ལས་བྱེད་པའི་སྲིད་གཙང་གློག་རྡུལ་ཡིག་ཚགས་བཙུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཧུར་ཐག་གིས་མགོ་ཁུངས་ནས་རུལ་སུངས་ལ་སྔོན་འགོག་བྱེད་པའི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ། དྲ་རྒྱའི་ཆ་འཕྲིན་དགེ་མཚན་ལ་རྒྱབ་རྟེན་བྱེད་ཆེད། ཏང་ཡོན་ལས་བྱེད་པའི་སྲིད་གཙང་གློག་རྡུལ་ཡིག་ཚགས་བཙུགས་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྟོང་གཅིག་དང་དགུ་བརྒྱ་དོན་ལྔ་ལ་གཅིག་བསྡུས་ཀྱིས་དོ་དམ་བྱས།

 རྒྱུས་ལོན་བྱུང་བ་ལྟར་ན། ཝུའུ་ལན་རྫོང་ཏང་ཡོན་ལས་བྱེད་པའི་སྲིད་གཙང་གློག་རྡུལ་ཡིག་ཚགས་དེ་རེའུ་མིག་བདུན་གྱིས་གྲུབ་ཡོད་པ་དང་། དེའི་ཁྲོད་མི་སྒེར་གྱི་གཞི་རྩའི་གནས་ཚུལ་དང་། སྲིད་གཙང་འཛུགས་སྐྲུན་འགན་འཁྲི་ལམ་ལུགས་ཐད་ཀྱི་དཔྱད་ཞིབ། རྩིས་བཤེར་ལྟ་སྐུལ། སྐུལ་སློང་གླེང་མོལ། འཕྲིན་བཅར་ཞིབ་བཤེར། འགན་འཁྲི་རྩད་གཅོད་སོགས་ཀྱི་ཆ་འཕྲིན་འདུ། ཡིག་ཚགས་དེ་ཏང་ཨུའི་སོ་སོས་ཆེད་མི་དང་ཆེད་སྤྱོད་གློག་ཀླད་གཏན་ཁེལ་བྱས་ནས་དོ་དམ་བྱེད་པ་དང་། ལས་བྱེད་མི་སྣས་གསང་བ་ནན་སྲུང་བྱས་ནས། ཕྱི་ཕྱོགས་དང་མི་གཞན་ལ་བསྐྱར་དཔར་དང་བལྟ་རུ་འཇུག་མི་རུང་ལ། གལ་ཏེ་བྱ་བའི་དགོས་མཁོའི་དབང་གིས་ཡིག་ཚགས་ལ་བལྟ་དགོས་ཚེ། ངེས་པར་དུ་ཡར་ཞུ་བྱེད་པ་དང་ཆོག་མཆན་འགོད་པའི་འགྲོ་ལུགས་ལག་བསྟར་ནན་མོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག