མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཡིད་ཚིམ་པའི་ཞང་གྲོང་གི་འཕྲོད་བསྟེན་ཁང་འཛུགས་པའི་བྱ་འགུལ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཡིད་ཚིམ་པའི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཛུགས་པའི་བྱ་འགུལ་སྤེལ་མགོ་བརྩམས་ནས། སང་ལོའི་ལོ་སྟོད་བར་དུ། ཞིང་ཆེན་ཡོངས་སུ་མང་ཚོགས་ཡིད་ཚིམ་པའི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བརྒྱ་ཆའི་བཅུ་རུ་སླེབས་པར་བྱེད་པ་དང་། 2016ལོའི་བར་དུ་བརྒྱ་ཆའི་སུམ་ཅུ་རུ་སླེབས་པ་དང་། 2020ལོའི་བར་དུ་འཕྲོད་བསྟེན་ཁང་ཡོངས་རྫོགས་མང་ཚོགས་ཡིད་ཚིམ་པའི་ཚད་གཞི་རུ་སླེབས་པར་བྱེད་རྒྱུ་རེད།

བྱ་འགུལ་གྱིས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་པ་དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ནང་དོན་གཙོ་བོར་བྱེད་པ་སྟེ། རྨང་གཞིའི་སྒྲིག་ཆས་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྨན་བཅོས་རྒྱུ་སྤུས་དང་བདེ་འཇགས་ཇེ་དྲག་ཏུ་གཏོང་བ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཚད་ལྡན་དུ་གཏོང་བ། སྒྲིག་སྲོལ་གསར་བའི་ལག་བསྟར་འཐུས་ཚང་དུ་གཏོང་བ། ནང་ཁོག་གི་དོ་དམ་ཚད་ལྡན་དུ་གཏོང་བ། ཧུར་ཐག་གིས་ཞབས་ཞུའི་རྣམ་པ་བསྒྱུར་བ། སྨན་པ་དང་ནད་པའི་བར་གྱི་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་པ། སྨན་པའི་ཀུན་སྤྱོད་གཤིས་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིམ་པ་བགོས་ནས་སྨན་བཅོས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ། ཞང་དང་གྲོང་སྡེའི་འཕྲོད་བསྟེན་ཞབས་ཞུར་གཞི་གཅིག་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་བཅས་རེད།

མང་ཚོགས་ཡིད་ཚིམ་པའི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཚད་གཞིའི་ཁྲོད། ནད་སྟོན་སྨན་བཅོས་ཐད་ནས་སྟབས་བདེ་ཞིང་གོང་བདེ་བ། སྨན་བཅོས་ཞབས་ཞུའི་ཐད་ནས་བདེ་འཇགས་ཡིན་ཞིང་བློ་གཏད་ཆོག་པ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་བ། ནང་ཁོག་གི་དོ་དམ་ཐད་ནས་ཚད་ལྡན་དང་གོ་རིམ་ཡོད་པ། ཞིང་སྡེའི་སྡོད་དམངས་ཡིད་ཚིམ་ཞིང་ཡིད་རྟོན་བྱེད་ཆོག་པ་བཅས་འདུས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག