མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ཆེན་རྫོང་གངས་རི་ཤང་གི་འབྲོག་པ་དུད་ཁྱིམ340ལ་གློག་འཐེན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-07 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་གངས་རིའི་འདབས་སུ་ཆགས་ཡོད་པའི་རྨ་ཆེན་རྫོང་གངས་རི་ཞང་གི་རྣམ་གྲངས་ལག་བསྟར་བྱེད་བཞིན་པའི་ཡུལ་དངོས་སུ་ཐོན་པ་ན། དངུལ་མདོག་གི་གློག་སྐུད་དང་། གློག་ཚད་འཇལ་ཆས་ཀྱི་གློག་སྒམ་གསར་བ། རྒྱང་རིང་ནས་བཙུགས་ཡོང་བའི་གློག་སྡོང་སོགས་དངོས་སུ་མཐོང་བྱུང་ལ། བཟོ་སྐྲུན་འདི་ད་ལོའི་ལོ་མཇུག་ལ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང་། གངས་རི་ཞང་གི་ཁྱིམ་ཚང340ལྷག་དང་། འབྲོག་པ་མང་ཚོགས1500ལྷག་ལ་གློག་མེད་པའི་ལོ་རྒྱུས་མཇུག་རྫོགས་རྒྱུ་རེད།

གངས་རི་ཞང་ལ་གློག་འཐེན་པའི་བཟོ་སྐྲུན་ད་ལོའི་ཟླ5བ་ནས་མགོ་བརྩམས་པ་དང་། གསར་དུ་སྟོང་ཝ35ཅན་གྱི་གློག་འདོན་ས་ཚིགས་གཅིག་ལས་རྒྱུ་ཡིན་ལ། གློག་གནོན་སྒྱུར་ཆས་བརྒྱད་སྒྲིག་སྦྱོར་བྱེད་རྒྱུ་དང་། གློག་སྐུད་སྤྱི་ལེ36འཐེན་རྒྱུ་རེད། མིག་སྔའི་བར་གངས་རི་ཞང་གི་བཟོ་སྐྲུན་གྱི་ལྕགས་སྒྲོམ184ཨར་ལས་འགྲུབ་ཡོད་པ་དང་། ལྕགས་སྒྲོམ151སྒྲིག་བཟོ་བྱས་ཡོད་ལ། བཟོ་སྐྲུན་གྱི་སྤྱིའི85%ལེགས་འགྲུབ་བྱུང་ཡོད་པ་དང་། ཚོད་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་བར་གློག་བཀོལ་སྤྱོད་བྱེད་ཐུབ།

གངས་རི་ཤང་ནི་འབྲོག་ལས་རྐྱང་བ་གཉེར་བའི་ས་ཁུལ་ཞིག་ཡིན་ལ། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་འབྲོག་པ་མང་ཚོགས་རྣམས་ཁ་ཐོར་ཏུ་གནས་ཡོད་པ་བཅས་གློག་སྐད་དྲ་རྒྱ་ས་ཁུལ་འདི་རུ་ཁྱབ་མེད། མཛོ་རྒན་རྭ་བ་དང་གཅིག་སྒྲིལ་རྫོང་བར་གྱི་མྱུར་སྐྱོད་གཞུང་ལམ་ལེགས་འགྲུབ་བྱུང་བ་དང་བསྟན། རྨ་ཆེན་གངས་རི་ལ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་གནས་སྐོར་བ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པ་དང་གློག་ཤུགས་བཀོལ་སྤྱོད་བྱེད་པའི་དགོས་མཁོ་སྔར་ལས་ཇེ་ཆེ་ཡིན་པས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་གངས་རི་ཤང་སོགས་ས་ཁུལ2014ལོའི་གློག་འཐེན་པའི་འཆར་འགོད་ནང་བཞག་ཡོད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག