མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་ཁེ་ལས་བྱ་བར་བརྟག་དཔྱད་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-07 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་མཚོ་སྔོན་ཏིན་ཧྥིན་རྡར་རྡོ་རྡར་ཆས་ཚད་ཡོད་ཀུང་ཟིར་སོང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བཟོ་ཚོགས་ཀྱིས་ཁྲིམས་ལྟར་ལས་གནས་འགན་སྒྲུབ་ལ་ཡར་སྐུལ། ལས་བྱེད་པས་ཁྲིམས་ལྟར་འགན་དབང་ལོངས་སྤྱོད་བཅས་བྱས་ཏེ། འཆམ་མཐུན་མཉམ་གནས་ཀྱི་ངལ་རྩོལ་བའི་འབྲེལ་བ་ལེགས་པོ་ཞིག་གྲུབ་ཡོད་མེད་ཀྱི་གནས་ཚུལ་སོགས་ལ་བརྟག་དཔྱད་བྱས།

 སུའུ་ཉིན་ཐོན་སྐྱེད་ཡུལ་དངོས་སུ་སོང་ནས་ལས་ཀ་གཉེར་གྱིན་པའི་ལས་བཟོ་བ་རྣམས་དང་ཁ་བརྡ་གླེང་མོལ་བྱས་ཤིང་། ལས་རྐང་བརྟན་སྲུང་བྱས་ཡོད་པའི་ལས་བཟོ་བའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁེ་ལས་ཀྱི་དམངས་གཙོའི་དོ་དམ་བྱེད་ཕྱོགས་དང་དབང་ཆ་འགན་སྲུང་བྱེད་ལུགས་སྤེལ་བའི་གོ་རིམ་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལའང་རྒྱུས་ལོན་བྱས།

 སུའུ་ཉིན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ནི་ཁེ་ལས་ཀྱི་སྲོག་རྩ་ཡིན་ལ། ཁྲིམས་ལྟར་ཁེ་ལས་སྐྱོང་བའི་བླང་བྱ་གལ་ཆེན་ཞིག་ཀྱང་ཡིན་པས། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་ལམ་ལུགས་ཡོད་རྒུ་བརྩི་སྲུང་ནན་མོ་བྱེད་དགོས་ཁར། དངོས་ཐོག་བདེན་འཚོལ་ལྟར་ལས་བཟོ་བའི་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་དང་འགན་ལེན་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་རྐང་འཐུས་ཚབ་ཚོགས་པ་རྣམ་པ་གཙོ་བོ་ཡིན་པའི་སྤྱི་མོས་དམངས་གཙོའི་དོ་དམ་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དང་ལེགས་བཅོས་ཐད་འབད་འབུངས་ཧུར་བསྐྱེད་བྱ་དགོས། ལས་བཟོ་བས་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་འབྲེལ་ཡོད་ལས་དོན་ཡོད་རྒུ་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་ལ། ལམ་ལུགས་ཀྱི་རྩ་དོན་ལྟར་ལས་དོན་དོན་འཁྱོལ་ཡོང་བ་བྱ་དགོས། ཁེ་ལས་སྡེ་ཁག་གི་ལས་བཟོ་བ་ཡོངས་ཀྱིས་འབད་འབུངས་ལྷོད་མེད་བྱས་ཏེ། ཚང་མས་ཁེ་ལས་ཕྱོགས་ནས་འཆམ་མཐུན་མཉམ་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་འབད་འབུངས་བྱ་དགོས་ཟེར།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག