མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་གསར་འགྱུར་བྱ་དགའ་གནང་བའི་ཚོགས་འདུ་ཟི་ལིང་ནས་བསྡུས།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-07 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།   ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས། ཞིང་ཆེན་གསར་འགྱུར་སློབ་ཚོགས་བཅས་ཀྱིས2013ལོའི་མཚོ་སྔོན་གསར་འགྱུར་བྱ་དགའ་གནང་བའི་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་ཚོགས་འདུར་ཞུགས་ནས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བ་མ་ཟད་གཏམ་བཤད།

ཅི་ཏིས་མཱ་ཅས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་ལག་བསྟར་བྱེད་དགོས་པ་དང་། བྱང་ཚད་ཇེ་མཐོར་གཏོང་བར་དོ་སྣང་བྱེད་པ་དང་། གསར་འགྱུར་གྱི་བདེན་དངོས་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་གཙོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རང་རྟོགས་ཀྱིས་བཅའ་ཁྲིམས་བརྩི་སྲུང་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་མཁན་གཙོ་བོ་བྱེད་དགོས། གསར་འགྱུར་ལས་ཁུངས་སོ་སོ་ཧུར་ཐག་གིས་སྟོབས་ཤུགས་ཡོད་རྒུས་གསར་འགྱུར་ལས་དོན་མཉམ་འདྲེས་སྒོས་གོང་འཕེལ་དང་གསར་སྐྲུན་སྒོས་འཕེལ་རྒྱས་སུ་གཏོང་བའི་འཚོལ་ཞིབ་མཁན་བྱས་ཏེ། མུ་མཐུད་དུ་སྨྱན་བྱད་རྒྱུད་སྒྲོག་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བརྙན་འཕྲིན་དང་ཚགས་པར་སོགས་སྨྱན་བྱད་ཚང་མ་དྲ་རྒྱའི་ཁྲོད་འདྲེས་པར་བྱེད་དགོས། ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱེད་པར་དོ་སྣང་བྱེད་པ་དང་། གསར་འགྱུར་བྱ་བ་གཉེར་མཁན་གྱི་ལས་རིགས་ཀྱི་གཟི་བརྗིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ན་གཞོན་གསར་འགྱུར་བྱ་བ་གཉེར་མཁན་གྱི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པར་གཙིགས་འཛིན་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་དང་། འཕེལ་རྒྱས། གཏན་འཇགས་བཅས་ལ་སྐུལ་འདེད་བྱེད་དགོས་ཟེར།

ཐེངས་འདིའི་མཚོ་སྔོན་གསར་འགྱུར་བྱ་དགའི་དཔྱད་འདེམས་ཁྲོད་བསྡོམས་པས་གསར་འགྱུར་བརྩམས་ཆོས150ལ་བྱ་དགའ་ཐོབ་པ་དང་། དེའི་ཁྲོད་བྱ་དགའ་ཨང་དང་པོའི་བྱ་དགའ་ཐོབ་མཁན38དང་། བྱ་དགའ་ཨང་གཉིས་པ་ཐོང་མཁན56། བྱ་དགའ་ཨང་གསུམ་པ་ཐོབ་མཁན56བཅས་ཡོད།

ཉིན་དེའི་བྱ་དགའ་སྟེར་བའི་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས། ཞིང་ཆེན་གསར་འགྱུར་སློབ་ཚོགས་བཅས་ཀྱི་འགན་ཁུར་མི་སྣས་སོ་སོར་སྐབས24པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་དང2013ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག