མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གཅིག་བསྡུས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལྟར་དུ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་ཤིག་སློང་ཆེད། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཐུན་མོང་གི་སློབ་སྦྱོང་དང་སྒྲོག་འགྲེལ་གྱི་སློབ་ཁྲིད་གྲ་སྒྲིག་ཚོགས་འདུ་བསྡུས་པ་དང་། དེ་མཚོན་རྟགས་སུ་བྱས་ནས། ཞིང་ཆེན་ཡོངས་ནས་གཅིག་བསྡུས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་དངོས་སུ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅས་གཏམ་བཤད།

 ཅི་ཏིས་མཱ་ཅས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་དུས། སྤྱི་ཁོག་གི་སྟེང་ནས་དམ་འཛིན་བྱེད་དགོས་པ་མ་ཟད། གཙོ་གནད་འབུར་དུ་ཐོན་པ་དང་གནད་འགག་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་བརྗོད་བྱའི་སྙིང་བོ། ལག་ལེན་རེ་བར་རྒྱུས་ལོན་ཡང་དག་དང་གོ་བ་ཟབ་མོ་ལེན་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དོན་སྙིང་གལ་ཆེན་དང་མཛུབ་སྟོན་བསམ་བློ། སྤྱིའི་དམིགས་འབེན། གཞི་རྩའི་རྩ་དོན། བཀོད་སྒྲིག་གལ་ཆེན། ལས་འགན་རེ་བ་དང་རྩ་བའི་འགན་སྲུང་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་བར་གྱི་འབྲེལ་བ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་བར་གྱི་འབྲེལ་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་བར་གྱི་འབྲེལ་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་གིས་རྒྱལ་ཁབ་སྐྱོང་བ་གཉིས་བར་གྱི་འབྲེལ་བ། ཀྲུང་གོའི་གནས་ཚུལ་དངོས་ལ་དམིགས་པ་རྒྱུན་འཁྱོངས་བྱེད་པ་དང་འཛམ་གླིང་གི་ཕུལ་བྱུང་ཁྲིམས་སྐྱོང་དཔལ་ཡོན་གྲུབ་འབྲས་ལ་མིག་དཔེ་བྱེད་པ་གཉིས་བར་གྱི་འབྲེལ་བ་བཅས་ལ་རྒྱུས་ལོན་ཡང་དག་བྱེད་དགོས། རིགས་གཞུང་ལྟ་བ་གལ་ཆེན་ཁ་ཤས་དང་གཞི་རྩའི་རྩ་དོན་དང་རེ་བ་ཁ་ཤས། བཅོས་བསྒྱུར་བྱེད་ཐབས་གསར་བ་ཁ་ཤས་ཐད་ནས། ངེས་པར་དུ་སྒྲོག་འགྲེལ་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་ལ་རྒྱུས་ལོན་བཟང་བོ་བྱས་ཏེ། ཁྱོན་ཡོངས་དང་ཡང་དག་པ། ཚན་རིག་ཅན་དུ་གཏོང་བ་ལས། རྩ་བ་དོར་ནས་ཡལ་ག་འཛིན་པ་དང་སྟབས་བདེ་རུ་བསྒྱུར་བར་གཏན་འགོག་བྱེད་པ་དང་། ལྷག་པར་དུ་གོ་བ་ལོག་པར་ལེན་པ་དང་ནོར་འཁྲུལ་འབྱུང་དུ་འཇུག་མི་རུང་། རྣམཔ་མང་པོ་སྤྱད་དེ། དམིགས་ཡུལ་ཡོད་པ་དང་རིགས་བགོ་བ། ཕན་ཚུན་བརྗེ་རེས་བྱེད་པའི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས། རིམ་པ་སོ་སོས་གསར་འགྱུར་སྨྱན་བྱད་ཀྱིས་མྱུར་དུ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་གྱི་ཚ་རླབས་སློང་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག