མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་འཚོགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་ལྔ་ཉིན་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ནས་ཚེས་ཉེར་གཅིག་ཉིན་བར་ཟི་ལིང་ནས་འཚོགས་རྒྱུ་རེད།

 ཚོགས་ཆེན་ནས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཁུལ་གསུམ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ནས། གཞི་རིམ་ལ་རྐང་འཛུགས་པ་དང་། བུད་མེད་ལ་ཞབས་ཕྱི་སྒྲུབ་པ། སྟོབས་ཤུགས་ཆེན་པོས་བུད་མེད་བྱ་བ་གོང་འཕེལ་དུ་གཏོང་བ། ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། མཐུན་སྒྲིལ་དམ་པོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་སྐུལ་སློང་བྱས་ནས་མཚོ་སྔོན་གྱི་མ་འོངས་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་པ་བྱེད་རྒྱུ་རེད། ཚོགས་ཆེན་ནས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱེད་རྒྱུ་ཡིན་ལ། “གསུམ་བརྒྱད”དར་དམར་སྒྲེང་མཁན་གྱི་བུད་མེད་དཔེ་ལེགས་ཅན་དང་། “གསུམ་བརྒྱད”བུད་མེད་དར་དམར་སྒྲེང་མཁན། “གསུམ་བརྒྱད” བུད་མེད་དར་དམར་སྒྲེང་མཁན་གྱི་ཐུན་མོང་བཅས་ལ་གཟེངས་བསྟོད་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག