མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྫ་སྟོད་རྫོང་གིས་དངོས་རྫས་རྙིང་ཧྲུལ་སློབ་སྦྱོང་ཡོ་བྱད་ལ་བརྗེ་བའི་བྱ་འགུལ་ཐོག་མ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-05 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་བརྡལ་ཚོད་ལྟ་སློབ་ཆུང་གིས་དངོས་རྫས་རྙིང་ཧྲུལ་སློབ་སྦྱོང་ཡོ་བྱེད་ལ་བརྗེ་བའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་ནས། སློབ་གྲྭ་དེའི་སློབ་མ་རེ་རེར་སྐར་གསོག་བྱང་བུ་རེ་བྱིན་པ་དང་། ཁོ་ཚོས་ཉིན་རྒྱུན་དུ་བེད་མེད་དངོས་རྫས་བསྡུ་གསོག་བྱེད་པ་སོགས་ཀྱི་བྱ་སྤྱོད་བརྒྱུད་དེ། སྐར་གསོག་བྱང་བུ་སྟེང་འོས་འཚམ་གྱི་སྐར་གྲངས་གསོག་ཆོག་པ་དང་། གསོག་པའི་སྐར་མས་བྱིས་པ་ཚོའི་སློབ་སྦྱོང་ཡོ་བྱད་ལ་བརྗེ་ཆོག་པ་མ་ཟད། ད་དུང་གསོག་འཇོག་བྱས་པའི་སྐར་གྲངས་ཀྱི་མང་ཉུང་ལྟར་དུ། འོས་འཚམ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟི་ལྡན་གཟེངས་རྟགས་ཐོབ་ཐུབ།

བྱ་འགུལ་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་དང་ཨན་ལིས་སྤྱི་ཕན་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སློབ་གྲྭ་ཆེན་མོ་བའི་དང་བླངས་པས་རྫ་ཆུའི་སྐྱེ་ཁམས་ལ་རྟོག་ཞིབ་བྱེད་པའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་རེད། བྱ་འགུལ་གྱི་གཙོ་སྒྲུབ་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་སྔོན་དུས་སྤེལ་བའི་རྫ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་རྟོག་ཞིབ་གྱི་མཇུག་འབྲས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་བསམ་པའི་ཐད་ཀྱི་མཚན་སྙན་དང་དངོས་པའི་བྱ་དགའ་སྟེར་བ་གཉིས་ཀྱི་རྣམ་པ་བརྒྱུད་ནས་བྱིས་པ་ཚོར་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྨང་གཞིའི་སློབ་གསོ་གཏོང་རྒྱུ་དེ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག