མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བཞག་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-05 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁུལ་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་། 《ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན》ལ་སློབ་སྦྱོང་བྱས།

ཚང་མས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་ཡུལ། གཞི་རྩའི་རྩ་དོན་བཅས་བཏོན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལྟ་བ་གསར་བ་དང་། བྱེད་ཐབས་གསར་བ་བཏོན་ནས། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབྲེལ་བ་སོགས་་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་སྐོར་ཞིག་ལ་ལན་བཏབ་ཡོད་ལ། ཚན་རིག་ལྟར་ཁྲིམས་འཛིན་པ་དང་། ཁྲིམས་བརྩི་སྲུང་ནན་མོ་བྱེད་པ། དྲང་གཞག་གིས་ཁྲིམས་སྐྱོང་བ། དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བྱེད་པ། ཁྲིམས་སྐྱོང་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་ཤུགས་སྣོན་བྱེད་པ་བཅས་ལ་བཀོད་སྒྲིག་ཆ་ཚང་བྱས་ཡོད་པ་དེས་མི་དམངས་ཀྱི་འདོད་བློ་གང་ལེགས་སྒོས་མཚོན་ཡོད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཟེར།

གྲོས་ཚོགས་ལས་མགོ་ལོག་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་སྤྱི་སྡོམ་དང་བཀོད་སྒྲིག་ལྟར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་སྤྱིའི་དམིགས་འབེན་དང་ལས་འཛིན་གལ་ཆེན་སྣ་ཚོགས་ཀྱི་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ནས་བྱ་བ་སྣ་ཚོགས་དམ་འཛིན་བྱེད་རྒྱུ་ཡིན་པར་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག