མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-05 10:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས4ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཏང་ཡོན་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཝང་ཅན་ཅོན་གྱིས་ཁྲིམས་ལྟར་སྤྱི་ཚོགས་སྐྱོང་བ་ནི་ང་ཚོའི་དད་མོས་ཞིག་དང་འཚོ་བའི་རྣམ་པ་ཞིག་ཏུ་བསྒྱུར་ནས།  བཅའ་ཁྲིམས་ཀྱི་འདུ་ཤེས་ང་ཚོའི་རྒྱུན་ལྡན་གྱི་བྱ་བ་ནང་བཀོལ་སྤྱོད་བྱེད་དགོས་པ་དང་།  གོམས་གཤིས་ཞིག་ཏུ་གྱུར་དགོས་པར་ནན་གྱིས་བསྟན།

ཉེ་ལམ་གྱི་བྱ་བར་ཟུང་འབྲེལ་བྱས་ཏེ་ཝང་ཅན་ཅོན་གྱིས་དང་པོར་སློབ་སྦྱོང་སྟེང་ལ་ཤུགས་བསྣན་དགོས་པ་དང་།  རྒྱུན་ལས་ཨུ་ཡོན་ཚོས་སྣེ་ཁྲིད་བྱེད་པ། གྲོང་ཁྱེར་རིམ་པའི་ལས་ཁུངས་སོ་སོས་རྒྱུན་ལྡན་གྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་བསམ་བློ་གཏོང་བ་བརྒྱུད། རང་རྟོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ།  ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་བླང་བྱ་བྱེ་བྲག་གི་བྱ་བའི་སྟེང་བཀོལ་དགོས། གཉིས་ནས་དྲིལ་སྒྲོག་ཐད་ལ་ཤུགས་བསྣན་ཏེ་ད་ལྟ་སྤེལ་བཞིན་པའི་སྡེ་བའི་ཨུ་ལྷན་གྱི་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་དང་ཟུང་འབྲེལ་བྱས་པ་བརྒྱུད། བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བརྩི་སྲུང་བྱེད་པ། བཅའ་ཁྲིམས་བེད་སྤྱོད་བྱེད་པའི་སློབ་གསོ་དང་ལག་ལེན་བྱ་འགུལ་གཏིང་ཟབ་དུ་སྤེལ་བ་སོགས་སྔར་ལས་ལྷག་པར་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བྱེད་དགོས།  གསུམ་པ་ནས་བརྟག་དཔྱད་ཞིབ་འཇུག་བྱ་བར་ཤུགས་བསྣན་ནས་ཀྲུང་དབྱང་གི་ཆོད་དོན་དང་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་ལྟར།  ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་བྱ་བ་ཞིབ་འཇུག་བྱེད་པ་དང་སྐུལ་འདེད་བྱེད་དགོས། བཞི་བ་ནི་ཡིག་ཆ་འབྲི་བར་ཤུགས་སྣོན་དགོས་པ་དང་།  ཁྱོན་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་བྱ་བའི་ལག་བསྟར་བསམ་འཆར་སྤེལ་བར་སྐུལ་འདེད་བྱེད་པ། ལྔ་བ་ནི་འབྲེལ་མཐུད་བྱ་བར་ཤུགས་བསྣན་ནས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བའི་སྟེང་ཞིབ་འཇུག་བྱས་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རིམ་ཁྲོད་ཀྱི་གཙོ་གནད་བྱ་བ་གཉིས་ཏེ་གཅིག་ནི་བཅོས་བསྒྱུར་དང་གཉིས་ནི་ཁྲིམས་སྐྱོང་ཡིན་པ་བཅས་ཟུང་འབྲེལ་བྱས་པ་བརྒྱུད།  བཅོས་བསྒྱུར་ལ་བརྟེན་ནས་ཁྲིམས་སྐྱོང་བ་དང་།  ཁྲིམས་སྐྱོང་བ་དང་བསྟུན་ནས་བཅོས་བསྒྱུར་བྱེད་པར་ཁག་ཐེག་བྱེད་པ། དྲུག་པ་ནི་ཀྲུང་དབྱང་གི་ཆོད་དོན་དང་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་གཉིས་དངོས་འབེབས་ལེགས་པོ་བྱས་ཏེ། རིམ་པ་སོ་སོའི་སྡེ་ཁག་གིས་ཁྲིམས་འཛུགས་པ་དང་ཁྲིམས་འཛིན་པ་སོགས་ལག་བསྟར་བྱེད་དགོས་ཞེས་བསྟན།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག