མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-05 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས30ཉིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  མཚོ་ལྷོ་ཁུལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚང་མས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་སྤེལ་བ་ནི་རང་རྒྱལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆོད་དོན་རང་བཞིན་གྱི་དུས་སྐབས་ཞིག་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བའི་གནད་འགག་སྐབས་ཀྱི་གྲོས་ཚོགས་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབྲེལ་བ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། རྩ་ཁྲིམས་གཙོ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ལ་གོ་བ་གཏིང་ཟབ་ལེན་པ། ཁྲིམས་ལྟར་སྲིད་སྐྱོང་བའི་འདུ་ཤེས་ལ་གོ་བ་གཏིང་ཟབ་ལེན་པ། ཁྲིམས་འཛིན་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གཙོ་གནད་ལ་གོ་བ་གཏིང་ཟབ་ལེན་པ་སོགས་ཁྲིམས་འཛིན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གཙོ་གནད་ལ་སྐུལ་འདེད་བྱེད་དགོས་པར་བསྟན།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་དོན་སོགས་ལ་གོ་བ་གཏིང་ཟབ་མོ་བླངས་ནས།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གོ་རིམ་དང་ལས་འགན་གལ་ཆེན།  བྱེད་ཐབས་གཙོ་གནད།  ད་དུང་ཏང་གི་ཡང་དག་པའི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བྱ་བའི་རྩ་བའི་ཁག་ཐེག་ཡིན་པར་གོ་བ་ཟབ་མོ་ལེན་དགོས་པའི་བླང་བྱ་བཏོན།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག