མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་བཞི་བའི་ཁོངས་མིའི་འཐུས་ཚབ་ཚོགས་ཆེན་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-05 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་ཚོགས་པའི་ཐེངས་བཞི་བའི་ཁོངས་མིའི་འཐུས་ཚབ་ཚོགས་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས།  ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་གསུམ་པའི་ལས་འཛིན་ཚོགས་འདུ་སྤེལ་བའི་བྱ་བ་དང་གྲུབ་འབྲས་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་གི་ལས་འགན་དང་བླང་བྱ་གཏན་འཁེལ་བྱས།  ཚོགས་འདུ་ལས་ད་དུང་སྐབས་གསར་བའི་ཞིང་ཆེན་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་ལས་འཛིན་ལྷན་ཚོགས་བདམངས་ཐོན་བྱུང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ཚོགས་འདུ་སྟེང་ཞུགས་པ་མ་ཟད་གཏང་བཤད།

ཚོགས་འདུ་ལས་ཏང་གི་རྩ་བའི་རིག་གཞུང་མཛུབ་སྟོན་དུ་བྱས་ཏེ། ཚན་རིག་གི་སྒོ་ནས་བསླབ་གཞི་བདམས་པ་དང་། གནད་དོན་ཞིབ་འཇུག་བྱེད་པ།  རིག་གཞུང་ལྟ་བ་དང་སྲིད་ཇུས་བསམ་བློ་ཆགས་སུ་བཅུག་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ཕྱོགས་བྱ་བར་མཛུབ་སྟོན་བྱེད་པ་དང་། འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་གི་ཡང་དག་པའི་ཁ་ཕྱོགས་སྟོན་པར་ཁག་ཐེག་བྱེད་པ་སོགས་འཐབ་ཕྱོགས་རིག་གཞུང་ཞིབ་འཇུག་བྱ་བ་དུས་རབས་ཀྱི་འགྲོས་དང་བསྟུན། དུས་རབས་ཀྱི་ཁྱད་ཆོས་མངོམ་པ་དང་རིག་གཞུང་ལག་ལེན་དངོས་དང་ཟུང་འབྲེལ་བྱེད་པ་བརྒྱུད།  ལག་ལེན་དང་པོ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་དོན་དངོས་སྟེང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་དོན་དངོས་སྟེང་ཞིབ་འཇུག་གི་གྲུབ་འབྲས་སྤོ་བསྒྱུར་བྱེད་དགོས་པར་བསྟན །  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག