མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“དཔྱིད་འགོའི་མེ་ཏོག་འཆར་གཞིའི”སློབ་ཞུགས་རོགས་སྐྱོར་བྱ་འགུལ་མཇུག་རྫོགས་པ་ཡུས་ཧྲུའུ་ཁུལ་གྱི་སློབ་མ765ལ་རོགས་སྐྱོར་ཐོབ

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-04 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་སློབ་ཞུགས་རོགས་སྐྱོར་བྱ་འགུལ“དཔྱིད་འགོའི་མེ་ཏོག་འཆར་གཞིའི”སློབ་ལོ་གསུམ་པའི་སློབ་ཞུགས་རོགས་སྐྱོར་མ་དངུལ་གཏོང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་སློབ་འབྲིང་གཉིས་པ་ནས་བསྡུས། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་མ་དངུལ་སྒོར་ཁྲི180ཡི“དཔྱིད་འགོའི་མེ་ཏོག་འཆར་གཞི”སློབ་ཞུགས་རོགས་སྐྱོར་བྱ་འགུལ་མཇུག་བསྡུས་པ་མཚོན།

“དཔྱིད་འགོའི་མེ་ཏོག་འཆར་གཞིའི”དེས་བསྟུད་མར་ལོ་གསུམ་གྱི་རིང་ལ་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་གྲྭ་ཆེན་མོ་བ་དང་དབུལ་ཕོངས་སློབ་འབྲིང་སློབ་མར་རོགས་རམ་བྱས། 2012ལོའི་ཟླ9བ་ནས་བཟུང་སློབ་རོགས་བྱ་འགུལ་དེ་སྤེལ་མགོ་བརྩམས་པའི་ཚུན་ལ། སྔ་གཞུག་ཏུ་ཡུས་ཧྲུའུ་ས་ཁུལ་གྱི་དབུལ་ཕོངས་སློབ་མ765ལ་སློབ་ཞུགས་རོགས་སྐྱོར་མ་དངུལ་སྒོར་ཁྲི180ཞལ་འདེབས་སུ་ཕུལ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག