མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིན་ཧེ་རྫོང་གིས་འཕྲོད་བསྟེན་དོ་དམ་ཆ་འཕྲིན་དྲ་ཚིགས་འཛུགས་སྐྲུན་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-04 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་རྫོངས་ཡོངས་ཀྱི་འཕྲོན་བསྟེན་ཕྱོགས་བསྡུས་དོ་དམ་བྱེད་པ་དང་གཞི་རྩིའི་སྨན་རྫས། གཞི་རྩའི་སྨན་བཅོས། སྨན་བཅོས་འགན་སྲུང་། 120མྱུར་སྐྱོབ། ནད་རིགས་སྔོན་འགོག་ཚོད་འཛིན། རྒྱང་བརྟེན་སློབ་གསོ། འཆར་ལྡན་བུ་སྐྱེས་དང་གཞི་རྩའི་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་གློག་རྡུལ་བདེ་ཐང་ཡིག་ཚགས་བཅས་ཀྱི་གཞི་རྩའི་བྱེད་ནུས་ཅན་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དོ་དམ་ཆ་འཕྲིན་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱས།

 རྫོང་ཡོངས་ཀྱི་འཕྲོད་བསྟེན་ཆ་འཕྲིན་དྲ་བར་བསྒྱུར་བར་ཤུགས་སྣོན་ཆེད། ཚད་ལྡན་སྒོས་རྫོང་ཡོངས་ཀྱི་འཕྲོད་བསྟེན་གཞི་གྲངས་ལྟེ་གནས་དྲ་རྒྱ་འཛུགས་སྐྲུན་དང་། འཕྲོད་བསྟེན་ལས་ཁུངས་སོ་སོ་མཉམ་ཞུགས་ཀྱིས་རྫོང་ཡོངས་ཀྱི་སྨན་བཅོས་འགན་སྲུང་གིས་ས་ཚིགས་སོ་སོའི་སྨན་བཅོས་ལས་ཁུངས་དང་། སྡེ་བ་བཅུ་གཉིས་ཀྱི་འཕྲོད་བསྟེན་ཁང་དང་། སྡོད་ཁུལ་གསུམ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བདུན་གྱི་འཕྲོད་བསྟེན་གླིང་བཅས་ལ་སྨན་བཅོས་འཕྲོད་བསྟེན་དོ་དམ་ཆ་འཕྲིན་མ་ལག་གིས་ཁེབས་པར་བྱས།

དུས་མཚུངས་སུ་ཧུར་ཐག་གིས་རྒྱང་བརྟེན་གསོ་རིག་སྨན་བཅོས་བྱེད་པའི་ཐབས་ལམ་ཞིབ་འཇུག་བྱས་པ་དང་། རྒྱང་བརྟེན་ལག་རྩལ་ཕྱོགས་ཀྱི་མཛུབ་སྟོན་དང་སྨན་བཅོས་སྟེགས་བུའི་ནུས་པ་བེད་སྤྱད་པ་བརྒྱུད།  སྨན་བཅོས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག