མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མིན་གྱིས་ཨ་མདོ་བོད་སྐད་བསྒྱུར་སྐྲུན་ལྟེ་གནས་དང་མཁོར་ལྷོ་རིག་གནས་ཐོན་ལས་ས་ཁུལ་གྱི་རྣམ་གྲངས་ཨར་ལས་གནས་ཚུལ་ལ་བརྟག་དཔྱད་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-04 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་འགྲོ་རོགས་འོག  ཞིང་ཆེན་ཨ་མདོ་བོད་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་དང་མཁར་ལྷོ་རིག་གནས་ཐོན་ལས་ས་ཁུལ་གྱི་རྣམ་གྲངས་ཨར་ལས་གནས་ཚུལ་ལ་བརྟག་དཔྱད་བྱས།

ཞིང་ཆེན་ཨ་མདོ་བོད་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱི་ཨར་ལས་བྱེད་ས་རུ་ཀྲང་ཅན་མིན་གྱིས་ཨ་མདོ་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱི་སྤྱིའི་ཇུས་འགོད་དང་།  བཟོ་སྐྲུན་གྱི་རྒྱ་ཁྱོན། བཟོ་འགོད་ཀྱི་འཕར་རིམ།  མ་དངུལ་གཏོང་བ་དང་མ་དངུལ་ལག་བསྟར་བྱེད་ཚུལ་སོགས་ཕྱོགས་སོ་སོའི་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། ལྟེ་གནས་ཐོག་ཁང་དུ་སོང་ནས་བཟོ་འགོད་ཀྱི་འཕར་རིམ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས།  ཀྲང་ཅན་མིན་གྱིས་ཞིང་ཆེན་ཨ་མདོ་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་དང་རྣམ་གྲངས་སྤེལ་མཁན།  བཟོ་འགོད་འཛུགས་སྐྲུན་བྱེད་མཁན་བཅས་ཀྱིས་སྔར་ལས་ལྷག་པར་བཟོ་སྐྲུན་གྱི་དུས་ཡུན་ལ་དམ་འཛིན་བྱས་པ་བརྒྱུད། 2015ལོའི་ཟླ8པའི་ཟླ་མཇུག་བར་བཟོ་འགོད་ལེགས་འགྲུབ་བྱེད་དགོས་པ་དང་། 2015ལོའི་ཟླ10བའི་ཟླ་མཇུག་བར་ལས་ཁུངས་ཡོངས་དངོས་སུ་ནང་དུ་སྤར་དགོས་པའི་བླང་བྱ་བཏོན།

མཁར་ལྷོ་རིག་གནས་ཐོན་ལས་ས་ཁུལ་གྱི་ཨར་ལས་བྱེད་ས་རུ་ཀྲང་ཅན་མིན་གྱིས་ཨར་ལས་བྱེད་ས་ནས་ལྟ་ཞིབ་བྱས་པ་དང་དུས་མཚུངས་སུ།འབྲེལ་ཡོད་འགན་ཁུར་མི་སྣ་དང་ཁ་བརྡ་གླེང་མོལ་བྱས་པ་དང་། ཨར་ལས་ཀྱི་འཕར་རིམ་དང་མ་དངུལ་ལག་བསྟར་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཟབ་མོ་བྱས།  ཁོང་གིས་རྣམ་གྲངས་སྤེལ་མཁན་གྱིས་སྔར་ལས་ལྷག་པར་རྣམ་གྲངས་ཕྱོགས་ཀྱི་མ་དངུལ་གཏོང་མཁན་ངོས་འཛིན་བྱེད་དགོས་པ་དང་།  མ་དངུལ་གཏོང་བའི་གནས་ཚུལ་ལྟར་འཛུགས་སྐྲུན་གྱི་གོ་རིམ་ལེགས་སྒྲིག་བྱེད་པ་སོགས་རྣམ་གྲགས་འདི་དག་དུས་ལྟར་ལེགས་འགྲུབ་བྱུང་བ་དང་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག