མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཡུན་ཉིན་དྲུག་རིང་གི་རབ་མཛེས་མཚོ་སྔོན་གྱི་པར་རིས་འགྲེམ་སྟོན་ཀན་ཀྲུའུ་ནས་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-11-04 10:32

རབ་མཛེས་མཚོ་སྔོན་གྱི་པར་རིས་འགྲེམ་སྟོན་སྤེལ་བའི་མཛད་སྒོ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཀྲུང་གུང་ཅང་ཞི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་ཀན་ཀྲུའུ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས། ཀྲུང་གོའི་སྤོ་སྒུལ་བརྡ་འཕྲིན་སྡེ་ཁག་མཚོ་སྔོན་ཚད་ཡོད་ཀུང་ཟི་བཅས་ཀྱིས་སྒྲུབ་རོགས་བྱས་པའི་དུས་ཡུན་ཉིན་དྲུག་རིང་གི་རབ་མཛེས་མཚོ་སྔོན་གྱི་པར་རིས་འགྲེམ་སྟོན་ཀན་ཀྲུའུ་གྲོང་ཁྱེར་རིག་གནས་ལོ་རྒྱུས་དང་གྲོང་ཁྱེར་འཛུགས་སྐྲུན་དངོས་མང་བཤམས་སྟོན་ཁང་དུ་བསྡུས། རྨ་འབྲི་རྫ་གསུམ་གྱི་མཛེས་སྡུག་དང་ངོ་མཚར་བའི་མི་རིགས་ཡུལ་སྲོལ། ལྟ་བ་ཆོག་མི་ཤེས་པའི་མེ་ཏོག་སྣ་ཚོགས་སོགས་ཀྱིས་ཀན་ཀྲུའུ་མི་དམངས་ཀྱི་ཡིད་དབང་བཀུག་པ་དང་། ཁོ་ཚོར་མཚོ་སྔོན་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་འདུན་པ་སྐྱེས་སུ་བཅུག་པ་རེད།

ཐེངས་འདིའི་པར་རིས་འགྲེམ་སྟོན་ལས་ཀྲུང་ཕྱིའི་སྒྱུ་རྩལ་པས་མཚོ་སྔོན་གྱི་ཡུལ་ལྗོངས་གཙོ་བྱས་ནས་པར་བླངས་བའི་པར་རིས་བརྩམས་ཆོས200ལྷག་འགྲེམ་སྟོན་བྱས་པ་དང་།  དེའི་ནང་མཐོ་ཤིང་བརྗིད་པའི་གངས་རི་དང་གནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི་མཚོ་མཚེའུ་སོགས་རིམ་པ་ལྔ་རུ་བགོས་ཡོད། བརྩམས་ཆོས་ནང་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་ཡུལ་ལྗོངས་སོགས་འདུས་པ་དང་། མཚོ་སྔོན་གྱི་རི་ཆུ་དང་མི་རིགས་ཡུལ་སྲོལ། རིག་གནས་ལོ་རྒྱུས་སོགས་པར་རིས་ལ་བརྟེན་ནས་མི་རྣམས་ཀྱི་མིག་ལམ་དུ་བསྐྱལ་བ་སོགས་ཀན་ཀྲུའུ་མི་དམངས་ཀྱི་སྔར་ལས་ལྷག་པར་མཚོ་སྔོན་གྱི་རང་བྱུང་གི་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་སོགས་ཉམས་སུ་མྱོང་བར་མཐུན་རྐྱེན་སྐྲུན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག