མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚྭ་འདམ་གཞོང་གིས་བོད་ཀྱི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-11-02 10:33

002.jpg

ཚྭ་འདམ་གཞོང་བོད་ཀྱི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་ལྔ་བ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།

bmnjh.png

གྱེར་འདོན་འགྲན་སྡུར་སྟེང་བྱ་དགའ་ཐོབ་པའི་སློབ་མ་ཚོའི་མཉམ་པར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། “ཚྭ་འདམ་གྱི་ལོ་ངོ་དྲུག་ཅུའི་འཕོ་འགྱུར་ལ་བསྟོད་གླུ་འབུལ”ཞེས་པ་བརྗོད་བྱ་ཡིན་པའི་ཚྭ་འདམ་གཞོང་བོད་ཀྱི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་ལྔ་བ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།

ཐེངས་འདིའི་ཚྭ་འདམ་གཞོང་བོད་ཀྱི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་ནི་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན། 

 ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ། ཐེམ་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོ་དང་གཉིས་པ། ན་གོར་མོ་མི་རིགས་སློབ་འབྲིང་། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭ གཏེར་ལམ་རྫོང་མི་རིགས་སློབ་འབྲིང་དང་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་བཅས་ནས་ཡོང་བའི་ཆུང་འབྲིང་སློབ་མ་སོ་དགུ་ཐེངས་འདིའི་འགྲན་སྡུར་ལ་ཞུགས།

འགྲན་བསྡུར་ཁྲོད་འགྲན་ཞུགས་སློབ་མ་རྣམས་ཀྱིས་སྙན་ངག་གི་བྲོ་བས་ཡོངས་སུ་ཕྱུག་པའི་བརྩེ་སེམས་དང་མི་རིགས་ཀྱི་ཡིད་སེམས་དཀྲོལ་བའི་གདངས་དབྱངས་སྙན་མོ་ལས་ཕ་ཡུལ་ཚྭ་འདམ་གྱི་ལོ་ངོ་དྲུག་ཅུའི་འཕོ་འགྱུར་ལ་བསྟོད་བསྔགས་བྱས་པ་དང་། རྩོམ་རིག་སྒྱུ་རྩལ་གྱིས་ཕྱུག་པའི་སྙམ་རྩོམ་རེ་རེའི་ཁྲོད་ཚྭ་འདམ་གྱི་ལོ་ངོ་དྲུག་ཅུའི་རིང་གི་འཕོ་འགྱུར་ཁྲོད་མི་རིགས་མཐུན་སྒྲིལ་དང་དམངས་གཙོ། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་ཅན་གྱིས་མཚོ་ནུབ་གསར་བ་སྐྲུན་བྱས་པ་མཚོན་པར་བྱས་ཡོད་པའི་ཁར། བར་བཅུག་གི་བྲོ་གར་རེ་རེའི་ཉམས་འགྱུར་དང་སྟངས་སྟབས་ལས་སྐུ་མགྲོན་དང་ལྟ་མཁན་པ་རྣམས་ཀྱི་མིག་དབང་ཅིག་ཅར་འཕྲོག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག