མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ལས་དོན་ཚོགས་འདུ་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ལོ་རྒྱུས་སྟེང་ཐེངས་དང་པོ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་ཕུན་སུམ་ཚོགས་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དེ་དེང་སྐབས་ཀྱི་རྩ་འཛུགས་སྡེ་ཁག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་པས། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་འཛུགས་བྱ་བའི་ཁྲོད་དུ་ལག་ལེན་དང་དངོས་འབེབས་བྱེད་དགོས་ཟེར།

ཝང་ལིན་ཅོན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཉིན་རིམ་གལ་ཆེན་དུ་བཞག་སྟེ། རྩ་འཛུགས་བྱ་བའི་འགན་ནུས་དང་ཟུང་དུ་སྦྲེལ་ནས་དངོས་འབེབས་བཟང་བོ་བྱེད་དགོས། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་ནས་མགོ་ཁྲིད་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་སྤེལ་བར་མཛུབ་སྟོན་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་དོན་དག་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་བཤད་པའི་གནད་དོན་ལ་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱེད་པ་དང་ཟུང་དུ་སྦྲེལ་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དབང་ཆའི་བཀག་རྐྱེན་དང་ལྟ་ཞིབ་བྱ་བར་ཤུགས་སྣོན་པ་དང་གཞོགས་འདེགས་བྱེད་དགོས། ཁྲིམས་སྐྱོང་བྱ་བའི་ཤེས་ལྡན་ལས་བྱེད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། ཁྲིམས་འཛིན་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཆེད་ལས་དཔུང་སྡེ་སྐྱེད་སྲིང་བྱེད་དགོས། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་བའི་ཕན་འབྲས་དཔྱད་ཞིབ་ཤུགས་ཚད་ཇེ་ཆེར་བཏང་ནས། ཤུགས་ཆེན་པོས་ཁྲིམས་ལྟར་གཞུང་དོན་སྒྲུབ་པ་དང་ཁྲིམས་འཛིན་དྲང་གཞག་བྱ་བར་ཡར་སྐུལ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་ཁྲོད་ཐོན་པའི་འཐབ་འཛིང་གི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་བ་དང་། གཞི་རིམ་གྱི་ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། རང་འགུལ་གྱིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་གཞོགས་འདེགས་དང་དམ་འཛིན་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག