མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་སྤྱོད་ཆོག་པའི་ཡོང་སྒོ་བརྟེན་རླིང་ངང་འཕར་སྣོན་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-02 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་གིས་ཉེ་ལམ་གསར་དུ་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་གྱི་སྡོད་ཁྱིམ་གཅིག་གྱུར་ཅན་ལ་ཞིབ་བཤེར་བྱས་པའི་གཞི་གྲངས་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར4955.12ལ་སླེབས་པ་དང་། དུས་མཉམ་ལས13.5%འཕར་སྣོན་བྱུང་ཡོད།

ཡོང་སྒོའི་གྲུབ་ཆ་སྟེང་ནས་ལྟོས་ན། མི་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་ཡོང་སྒོ་སྒོར1787.02ཡོད་པ་དང་། 17.6%འཕར་ཡོད། ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་ཡོང་སྒོའི་འཕར་གྲངས་ལ་བྱས་རྗེས་འཇོག་ཚད45.4%ལ་སླེབས། མི་རེའི་ཆ་སྙོམས་སུ་ཚོང་གཉེར་བྱས་པའི་ཡོང་སྒོ་རྐྱང་རྐྱང་སྒོར1480.57ལ་སླེབས་པ་དང་། དུས་མཉམ་ལས7.9%འཕར་ཡོད་དེ། ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་ཡོང་སྒོའི་འཕར་གྲངས་ལ་བྱས་རྗེས་འཇོག་ཚད18.4%ལ་སླེབས། མི་རེའི་ཆ་སྙོམས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་རྐྱང་རྐྱང་སྒོར276.23ལ་སླེབས་ཡོད་པ་དང་། 143.7%འཕར་ཡོད་ཅིང་། ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་ཡོང་སྒོའི་འཕར་གྲངས་ལ་བྱས་རྗེས་འཇོག་ཚད27.6%ལ་སླེབས། དེ་མིན་མི་རེའི་ཆ་སྙོམས་ཀྱི་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོ་སྒོར1411.13ལ་སླེབས་ཡོད་དེ། 3.7%འཕར་བ་དང་། ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་སྤྱོད་ཆོག་པའི་ཡོང་སྒོའི་འཕར་གྲངས་ལ་བྱས་རྗེས་འཇོག་ཚད8.6%བཅས་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག