མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་རིག་གནས་པུའུ་ཡིས་ཟི་ལིང་གིས་རྒྱལ་ཁབ་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་འཛུགས་པའི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར། རྒྱལ་ཁབ་རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཡཱང་ཀྲི་ཅིན་སོགས་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་ཁུལ་འཛུགས་པའི་བྱ་བར་རྟོག་ཞིབ་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དང་། ཟི་ལིང་སྒྱུ་རྩལ་ཞབས་ཞུའི་ལྟེ་གནས། ཏ་ཐུང་རྫོང་རིག་གནས་ཁང་དང་དཔེ་མཛོད་ཁང་། བརྒྱད་གཅིག་སྡོད་ཁུལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། ཆའོ་ཐིག་གྲོང་རྡལ་ཞང་ཡཱང་སྡེ་བའི་རིག་གནས་ལྟེ་གནས། ཁྲིན་ཀོན་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་སོགས་སུ་སོང་ནས། དེང་རབས་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་རེ་བ་དང་རྒྱལ་ཁབ་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་འཛུགས་པའི་ཚད་གཞི་དང་དམིགས་ནས། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་འཛུགས་པའི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་འཛུགས་པའི་བྱ་བའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན་རྗེས། ཟི་ལིང་གྲོང་ཁྱེར་གྱིས་ལོ་གཅིག་རིང་གི་གསར་སྐྲུན་བྱ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་བྱས་པ་མ་ཟད། གསར་སྐྲུན་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། རྗེས་ཕྱོགས་ཀྱི་གསར་སྐྲུན་བྱ་བའི་ཐད་ཁ་ཕྱོགས་བསྟན་པ་དང་རྨང་གཞི་བཏིངས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག