མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བོད་རྒྱ་ལས་རིགས་ལག་རྩལ་རྒྱུན་བཀོལ་ཐ་སྙད་ལག་དེབ་དཔར་སྐྲུན་འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་གསལ་འབྱེད་མཛུབ་སྟོན་ཚན་ཆུང་གིས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་བོད་རྒྱ་ལས་རིགས་ལག་རྩལ་རྒྱུན་བཀོལ་ཐ་སྙད་སློབ་སྦྱོང་ལག་དེབ་དེ་ཀྲུང་གོ་ངལ་རྩོལ་སྤྱི་ཚོགས་འགན་སྲུང་དཔེ་སྐྲུན་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་ནས་དཔར་སྐྲུན་འགྲེལ་སྤེལ་བྱས་ལ། འདི་ནི་ཉེ་བའི་ལོ་འདི་འགའི་རྒྱལ་ཁབ་བོད་ཡིག་རིགས་མཛོད་འཛུགས་སྐྲུན་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་ལག་རྩལ་ཚད་ལེན་ཞིབ་བཤེར་ཚད་གཞིའི་སྤྱི་སྡོམ་ཆ་ཚང་ཞིག་ཡིན་ལ། བོད་རིགས་ལག་རྩལ་ངལ་རྩོལ་པ་ཞིག་ཡིན་པའི་ཆ་ནས་གསོ་སྦྱོང་དང་། ལས་རིགས་ལག་རྩལ་གསལ་འབྱེད་ཁྲོད་དུ་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན། འདིས་མི་འགྱང་བར་རྒྱལ་ཡོངས་ཀྱི་བོད་ཁམས་ངལ་རྩོལ་པའི་ལས་རིགས་ལག་རྩལ་མཐོར་འདེགས་ཕྱོགས་ལ་རོགས་འདེགས་གང་ལེགས་སྩོལ་ངེས་ཡིན།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་གསལ་འབྱེད་མཛུབ་སྟོན་ལྟེ་གནས་ཀྱིས་ཤུགས་ཆེན་པོས་མི་རིགས་ས་ཁུལ་གྱི་ལས་རིགས་ལག་རྩལ་བྱ་བའི་ཞབས་འདེགས་འཐུས་ཚང་དུ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་པའི་ལག་རྩལ་ཆུ་ཚད་མཐོར་འདེགས་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག