མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་མང་ཚོགས་རིག་གནས་ལས་སྒོའི་རྩལ་ནུས་འགྲན་སྡུར་སྐབས་གཉིས་པ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-29 11:18

མགོ་རྩོམ་མཛད་སྒོ།

འཁྲབ་སྟོན་བྱེད་བཞིན་པ།

བྱ་དགའ་ཐོབ་པའི་མི་སྒེར་དང་ལས་ཁུངས།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཅུའུ། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་ཁྲི་ཀ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་སྒྲུབ་འགན་འཁུར་བའི་མཚོ་ལྷོ་ཁུལ་གྱི་མང་ཚོགས་རིག་གནས་ལས་བྱེད་པའི་ལས་སྒོའི་རྩལ་ནུས་འགྲན་སྡུར་སྐབས་གཉིས་པ་དེ་ཁྲི་ཀའི་རིག་གནས་ཐང་ཆེན་དུ་བསྡུས། མང་ཚོགས་རིག་གནས་ཀྱི་དཔུང་སྡེ་ལ་ཤུགས་སྣོན་དང་མང་ཚོགས་རིག་གནས་ལས་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་དང་རིག་གནས་ལས་སྒོའི་རྩལ་ནུས་མཐོར་འདེགས་གཏོང་བ། མང་ཚོགས་རིག་གནས་ལས་བྱེད་པས་སྤྱི་པའི་རིག་གནས་ཞབས་ཞུའི་ཁྲོད་རང་ནུས་འདོན་སྤེལ་གནང་བར་སྐུལ་འདེད་བྱེད་ཆེད། རྫོང་སོ་སོའི་རིག་གནས་ཁང་གིས་ལོ་ངོ་གཉིས་རིང་ལ་དཀའ་སྡུག་འབད་འབུངས་ཀྱིས་རྩ་འཛུགས་དང་སྦྱོང་བརྡར་གནང་བའི་ཞབས་བྲོ་དང་རྐྱང་བྲོ། རྡུང་ལེན། རྐྱང་གཞས། དམངས་གླུ། ས་གནས་ཀྱི་གཞས་མ་གཏམ་སོགས་འཁྲབ་སྟོན་གྱི་རྩལ་ནུས་ངོམ་པའི་ལྟད་མོ་བའི་ཡིད་དབང་འཕྲོག

 ཐེངས་འདིའི་བྱ་འགུལ་ལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཆེན་པོ་ཐོབ་ཅིང་། དེས་ཁུལ་ཡོངས་ཀྱི་མང་ཚོགས་རིག་གནས་ལས་བྱེད་པར་ཕན་ཚུན་ལ་སློབ་སྦྱོང་དང་སྤེལ་རེས། འཇོན་ཐང་ངོམ་པའི་སྟེགས་བུ་ཞིག་བསྐྲུན་ལ། འཇོན་ཐང་ཅན་གྱི་མང་ཚོགས་རིག་གནས་ལས་བྱེད་པ་སྐོར་ཞིག་ངོས་འཛིན་དང་། དཔུང་སྡེ་ཤེས་ཡོན་ཅན་དང་ཆེད་ལས་ཅན་དུ་འགྱུར་བར་སྐྱེད་སྲིང་བྱས་ཏེ་ཁུལ་ཡོངས་ཀྱི་མང་ཚོགས་རིག་གནས་ལས་དོན་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག