མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོང་རྫོང་གི“དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང”ཐོག་མ་བེད་སྤྱོད་བྱེད་འགོ་བརྩམས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-29 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི“དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང”ཐོག་མ་ཉེ་ལམ་ཆབ་ཆ་གྲོང་རྡལ་མཁར་བྱང་འདུས་སྡོད་ཁུལ་ཅིན་ཞིན་གཞིས་ཁུལ་དུ་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས།

ཉེ་བའི་ལོ་འགའི་རིང་། གུང་ཧོ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོ་བའི་དོ་སྣང་བྱས་པ་དང་།  མུ་མཐུད་དུ་དབང་བོ་སྐྱོན་ཅན་གྱི་ལམ་ལུགས་མ་ལག་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བར་འགན་སྲུང་བྱས་པ་བརྒྱུད།  དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་སོང་ཡོད་པ་དང་ནུས་ཤུགས་ཡོད་ཚད་བཏོན་ནས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དང་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས། “མཁར་བྱང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང”ལ་སྤྱིའི་མ་དངུལ་སྒོར་ཁྲི39.2བཏང་ཞིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ140ཡོད།  འདི་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་གུང་ཧོ་རྫོང་སྲིད་གཞུང་གིས་མཉམ་དུ་མ་དངུལ་ཧྲག་བསྡུ་བྱས་ཏེ་འཛུགས་སྐྲུན་བྱས་པ་ཡིན་ལ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་མ་དངུལ་སྒོར་ཁྲི15བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་འདིར་མཁོ་བའི་སྒྲིག་ཆས་མང་པོ་ཉོ་སྒྲུབ་མཛད། འདུས་སྡོད་ཁུལ་གྱི་དབང་བོ་སྐྱོན་ཅན་ཚོའི་བྱ་བར་ལེགས་པོ་སྒྲུབ་ཆེད།  རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་གསོ་སྒྲིག་ཆས་དང་གཞུང་སྒྲུབ་ཅ་ལག   དཔེ་ཆ་སོགས་ཉོ་སྒྲུབ་བྱས་པ་དང་དབང་བོ་སྐྱོན་ཅན་རྣམས་ཀྱི་བདེ་གསོ་སྦྱོང་བརྡར་དང་ལས་ཞུགས་མཛུབ་སྟོན།  ཁེ་དབང་འགན་སྲུང་།  རིག་རྩལ་སྤེལ་ས་དང་བདག་སྐྱོང་བྱེད་ས་སོགས་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་བྱ་འགུལ་སྤེལ་ས་ཞིག་ཏུ་གྱུར་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག