མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱས་པ་དང་རྡོ་རྗེ་རབ་བརྟན་གྱིས་གཏན་བཤད།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-29 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན།  མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་རྒྱུད་སྒྲོག་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དེང་སྐབས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བཟང་བོ་བྱེད་དགོས་པ་དང་། དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་། ཁྲིམས་ལྟར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། ཁྲིམས་སློབ་པ་དང་། ཁྲིམས་བརྩི་སྲུང་བྱེད་པ། ཁྲིམས་བཀོལ་བ། ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་ཀྱིས་བཅའ་ཁྲིམས་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལྟ་སྐུལ་བྱ་བར་འགན་ཁུར་བའི་ཐད་ནས་མཚོན་དགོས་ཟེར།

 རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ནས། ནན་ཏན་སྒོས་འགན་འཁྲི་དང་དུ་ལེན་དགོས་པ་དང་། ་ཏང་གི་སྒྲིག་ཁྲིམས་ནན་མོ་བརྩི་སྲུང་བྱེད་པ། ཏང་གི་སྒྲིག་ཁྲིམས་སྣ་ཚོགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཏང་གི་སྒྲིག་ཁྲིམས་གཙོ་བོར་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག