མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་སྡེ་བ་དང་སྡོད་ཁང་སྲུང་སྐྱོང་ཆེད་མཁས་ཨུ་ཡོན་ལྷན་ཚོགས་དངོས་སུ་བཙུགས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-28 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་སྡེ་ཁག་མང་པོ་དང་འབྲེལ་ཡོད་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་སྡེ་བ་དང་སྡོད་ཁང་སྲུང་སྐྱོབ་ཆེད་དོན་བགྲོ་གླེང་ཚོགས་འདུའི་སྟེང་། རང་ཞིང་དུ་སྲོལ་རྒྱུན་སྡེ་བ་དང་དམངས་ཁང་སྲུང་སྐྱོབ་ཆེད་མཁས་ཨུ་ཡོན་ལྷན་ཚོགས་དངོས་སུ་བཙུགས་པར་གྲོས་མཆན་བྱུང་ཞིང་། རང་ཞིང་གི་སྲོལ་རྒྱུན་སྡེ་བ་དང་དམངས་ཁང་སྲུང་སྐྱོབ་ལག་རྩལ་མཛུབ་སྟོན་བྱ་བར་ཇེ་ལེགས་སུ་སོང་ཡོད་པར་མཚོན།

ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སྲོལ་རྒྱུན་སྡེ་བར་ཡིག་ཚིགས་སྒྲུབ་པ་དང་།  སྲུང་སྐྱོབ་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་དང་ཞིབ་བཤེར། འཛུགས་སྐྲུན་རྣམ་གྲངས་འདེམས་གསེས་དང་ཡར་ཞུ།  རྣམ་གྲངས་འཛུགས་སྐྲུན་དང་སྲོལ་རྒྱུན་གྱི་བཟོ་འགོད་སྲུང་སྐྱོབ་སླར་གསོ་སོགས་བྱ་བར་ལག་རྩལ་ཕྱོགས་ནས་མཛུབ་སྟོན་བྱེད་པ་ལས་གཞན།  སྲོལ་རྒྱུན་དམངས་ཁང་གི་སྲུང་སྐྱོབ་དང་འཕེལ་རྒྱས་བྱ་བར་ལག་རྩལ་མཛུབ་སྟོན་དང་ཐབས་ཇུས་བློ་འདྲི་སོགས་ཀྱང་འདོན་སྤྲོད་བྱེད་རྒྱུ་རེད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག