མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རིགས་གཞུང་བགྲོ་གླེང་ཚོགས་འདུ་དང་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རིགས་གཞུང་བགྲོ་གླེང་ཚོགས་འདུ་དང་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཚེས་ཉེར་བདུན་ཉིན་ཚོགས། གྲོས་ཚོགས་ནས་མཚོ་སྔོན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཉེ་བའི་ལོ་འགའི་རིང་གི་རིགས་གཞུང་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་བྱས་པ་མ་ཟད། ཕུལ་བྱུང་རིགས་གཞུང་རྟོག་ཞིབ་རྩོམ་ཡིག་ལ་གཟེངས་བསྟོད་བྱས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་སྐྱབས་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཧྥུའུ་ཧེ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལིས་མེན་ཅིན་དང་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་སོགས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་རིགས་གཞུང་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་རིགས་གཞུང་ཞིབ་འཇུག་གི་གནད་ས་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། དེང་སྐབས་ཀྱི་ན་གཞོན་ལོ་ཆུང་གི་བསམ་བློའི་ཁྱད་ཆོས་་དང་འཚར་ལོངས་ཀྱི་ཆོས་ཉིད། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་པ་དང་གཞི་རིམ་ལ་ཇི་ལྟར་ཞབས་འདེགས་ཞུ་བ་སོགས་ལ་དམིགས་ཏེ་བྱ་བ་ཞིབ་འཇུག་བྱས་ནས། དཀའ་སྤྱད་ཀྱིས་སློབ་སྦྱོང་བྱེད་པ་དང་། རྒྱུན་དུ་བསམ་བློ་གཏོང་བ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་རིགས་གཞུང་ཞིབ་འཇུག་དཔུང་སྡེ་ཞིག་འཛུགས་དགོས་པ་དང་། རྒྱུན་ཆད་མེད་པར་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་རིགས་གཞུང་ཞིབ་འཇུག་གི་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་བ་དང་། ལག་ལེན་ཟབ་མོ་བྱས་ཏེ། རིགས་གཞུང་ཞིབ་འཇུག་གི་གྲུབ་འབྲས་ལེགས་སྒྱུར་བྱེད་པར་དམ་འཛིན་བཟང་བོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག