མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུང་ཁང་དང་ལྟ་སྐུལ་མཛུབ་སྟོན་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་དང་ལྟ་སྐུལ་མཛུབ་སྟོན་བྱ་བའི་སྤྱི་སྡོམ་ཚོགས་འདུ་ཚེས་ཉེར་བདུན་ཉིན་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཅན་ཅོན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཉིས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ལིན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་པོ་དང་གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་རིམ་པ་ལྟར་བྱ་བའི་སྙན་ཞུ་ཕུལ་ནས། ཕན་འབྲས་ལྡན་པའི་ངང་སློབ་གསོ་ལག་ལེན་བྱ་འགུལ་བདེ་ཐང་ངང་སྤེལ་བའི་ཁྲོད་བཏོན་པའི་བྱེད་ནུས་དང་། དེ་ལས་བྱུང་བའི་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་མཉམ་དུ། ཀུན་སྤྱོད་འཛུགས་སྐྲུན་ཐད་སྔར་ལས་ཤུགས་འདོན་པར་བསམ་འཆར་དང་གྲོས་གཞི་བཏོན།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་གིས་བྱ་འགུལ་འདི་ཉིད་གོ་རིམ་ལྡན་པའི་ངང་སྤེལ་བའི་ཐད་རྩ་འཛུགས་བཟང་བོ་བྱས་པ་མ་ཟད། བྱ་འགུལ་སྔར་ལས་ཟབ་སྤེལ་དང་ནན་ཏན་གྱིས་སྤེལ་བའི་ཐད་འགན་ལེན་ཁག་ཐེག་བྱས་པ་དང་། ཏང་ནང་ཁུལ་གྱི་འཚོ་བ་བདེ་ཐང་ངང་འཕེལ་བའི་ཐད་ཕན་འབྲས་ལྡན་པའི་མཛུབ་སྟོན་བྱས་ལ། སྲོལ་ངན་བཞིའི་འབུར་ཐོན་གནད་དོན་ཐག་གཅོད་པའི་ཐད་མཐུན་སྦྱོར་ཆེན་པོ་བྱས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཉམས་མྱོང་དྲིལ་སྒྲོག་ཐད་བྱེད་ཐབས་ནུས་ལྡན་སྤྱད་ལ། ཀུན་སྤྱོད་ལེགས་སྒྱུར་གྱི་ལམ་ལུགས་འཛུགས་སྐྲུན་ཐད་བཀོད་འདོམས་དམ་པོ་བྱས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རྗེས་ཕྱོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གཏམ་བཤད་ཀྱི་དགོངས་དོན་ནི་བྱ་བའི་གཙོ་གནད་དུ་བཟུང་ནས། ས་གནས་དང་ལས་ཁུངས་ཁག་གིས་ནན་ཏན་སྒོས་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པར་མཛུབ་སྟོན་གང་ལེགས་བྱས་ཏེ། ཟམ་མ་ཆད་པའི་ངང་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས་ལ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས། འགན་འཁྲི་དུས་ལྟར་ཡོངས་འགྲུབ་དང་བྱེད་ཕྱོགས་འཐུས་ཤོར་མེད་པ། ལག་ལེན་མཐའ་འཁྱོལ་ཡོང་བ་བཅས་ལ་འགན་ལེན་ཁག་ཐེག་བྱེད་དགོས་པར་མ་ཟད། སྲོལ་ངན་བཞིའི་གནད་དོན་དག་ཐེར་ལེགས་བཅོས་ཡོང་བར་བྱེད་པའི་ཞིབ་ཕྲའི་བྱེད་ཕྱོགས་ལ་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོ་དགོས་པའི་ཁར། ལེགས་བཅོས་དོན་འཁྱོལ་ཡོང་བ་རྒྱུན་འཛིན་ལྷོད་མེད་དང་། ལམ་ལུགས་འཛུགས་སྐྲུན་དང་ལམ་ལུགས་དོན་འཁྱོལ་དངོས་འབེབས་ཡོང་བར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་བྱ་བ་གཟབ་ནན་སྒོས་སྒྲུབ་པར་འབད་དེ། ལས་རིགས་སོ་སོའི་འབྲེལ་ཡོད་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག