མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་དྲ་སྦྲེལ་དྲ་བའི་བརྡ་འཕྲིན་གཞུང་སྒྲུང་ཁང་གིས་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-28 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས27ཉིན་གྱི་སྔ་དྲོར།  མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་དྲ་བའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གིས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ། ཞིང་ཆེན་དྲ་སྦྲེལ་དྲ་བའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་ཡུས་ཧྥིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་།  དྲ་རྒྱའི་དཔྱད་བརྗོད་པ་ཁ་ཤས་དང་ཞིང་ཆེན་དྲ་སྦྲེལ་དྲ་བའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་སྡེ་ཁག་སོ་སོ།  དྲ་སྦྲེལ་དྲ་བའི་ལྟེ་གནས་ཀྱི་འགན་ཁུར་བ་སོགས་ཚོགས་འདུ་ལ་ཞུགས་པ་དང་གཏམ་བཤད་བྱས།  ཚོགས་འདུ་ལས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་དྲ་སྦྲེལ་དྲ་བའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཤིང་། རང་ཞིང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག