མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱི་གནས་སྐོར་རྣམ་གྲངས་གསུམ་ཟླ་འདིའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་ངེས།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-28 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་རྨ་ཆེན་གངས་རི་དང་གནའ་བའི་གེ་སར་རྟ་ཐོག་ཟློས་གར། ངོ་མཚར་བའི་གཉེན་པོ་གཡུ་རྩེ་སོགས་ནི་གནས་སྐོར་བས་གནས་སྐོར་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད་པ་རེད།  ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་གནས་སྐོར་བ་རྒྱུན་ཆད་མེད་པར་མགོ་ལོག་ཁུལ་དུ་ཕེབས་ནས། རྨ་འབྲི་རྫ་གསུམ་གྱི་ལྐོག་གྱུར་གྱི་རིག་གནས་འཚོལ་ཞིབ་བྱས་པ་རེད། ཟླ8པའི་ཟླ་མཇུག་བར། མགོ་ལོག་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི23.16སྣེ་ལེན་བྱས་པ་དང་། གནས་སྐོར་ཐད་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.37ལ་སླེབས་ཡོད་པ་བཅས་ཡུལ་ལྗོངས་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་མུ་མཐུད་དུ་སྤེལ་ཡོད་པས། གནས་སྐོར་ཐད་འཕེལ་རྒྱས་ཆེན་པོ་བྱུང་།

ཉེ་བའི་ལོ་འགའི་རིང་།  རང་ཞིང་གིས་རྒྱུན་ཆད་མེད་པར་མགོ་ལོག་ཁུལ་གྱི་ཡུལ་ལྗོངས་ཁུལ་སོ་སོར་མ་དངུལ་འབོར་ཆེན་བཏང་། མིག་སྔར། མ་དངུལ་སྒོར་ཁྲི2500བཏང་བའི་གཅིག་སྒྲིལ་རྫོང་གནས་སྐོར་བར་སྣེ་ལེན་ཞབས་ཞུ་ལྟེ་གནས་དང་། མ་དངུལ་སྒོར་ཁྲི2100བཏང་བའི་པད་མ་རྫོང་གནས་སྐོར་བར་སྣེ་ལེན་ཞབས་ཞུ་ལྟེ་གནས། མ་དངུལ་སྒོར་ཁྲི245བཏང་བའི་རྨ་སྟོད་རྫོང་གནས་སྐོར་བར་སྣེ་ལེན་ཞབས་ཞུ་ལྟེ་གནས་སོགས་རྣམ་གྲངས་གསུམ་ལེགས་འགྲུབ་འབྱུང་ལ་ཉེ་བ་དང་།  འཆར་གཞི་ལྟར་ཟླ་འདིའི་ཟླ་མཇུག་ལ་འཁོར་སྐྱོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག