མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ལས་གཞི་སྣ་མང་བཅོས་སྒྱུར་འཛུགས་སྐྲུན་བྱས་ནས་མང་ཚོགས་ལ་ཕན་བདེ་བསྐྲུན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཐེངས་དང་པོའི་བཅོས་སྒྱུར་གསར་བ་དེ་མཚོ་སྔོན་ནས་གཏིང་ཟབ་སྒོས་འགོ་རྩོམ་བར་གཏན་འཁེལ་བྱས་པ་དང་། ལས་ཞུགས་གསར་གཏོད་དང་། སྤྱི་ཚོགས་འགན་སྲུང་། ངལ་རྩོལ་འབྲེལ་བ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་ཐེན་གྱིས་ཕྱོགས་ཡོངས་ནས་ལས་གཞིའི་བཅོས་སྒྱུར་གྱི་འགན་འཁུར་ཡོངས་འགྲུབ་བྱས།

 ད་སྔ། ལས་གཞི་བཅུ་བཞི་ཡོངས་འགྲུབ་དང་། བཅོས་སྒྱུར་དངོས་འབེབ་ལྷུ་ལག་ཆ་ཚང་དྲུག་ལག་བསྟར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་རྟེན་གཞི་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་དངོས་དོན་ལག་བསྟར་དངོས་འབེབ་བྱས།

ཞང་གྲོང་གི་སྡོད་དམངས་རྟེན་གཞིའི་རྒན་གསོ་ཉེན་ཚབ་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་འདེད་དང་། ཞང་གྲོང་རྒན་གསོ་ཉེན་ཚབ་ཀྱི་ལམ་ལུགས་གཅིག་གྱུར་དང་། ཞང་གྲོང་ལས་བཟོ་བའི་རྒན་གསོའི་ཉེན་ཚབ་དང་། ཞིང་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་མངོན་འགྱུར་བྱུང་ཆེད།ཞིང་ཆེན་ཡོངས་ཀྱི་ཞང་གྲོང་སྡོད་མདངས་ཀྱི་སྨན་བཅོས་ཉེན་ཚབ་ཀྱི་དངུལ་ཚད་གཞི་ལྟར་སྒྲུབ་པར་གྲོས་གཞི་བཏོན་ནས། ཞང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དང་། ཞབས་ཞུའི་སྒྲིག་གཞིའི་བྱ་བ་ཚད་ལྡན་དུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་གསར་བའི་དོ་དམ་དང་། ཞང་གྲོང་སྡོད་དམངས་ཀྱི་ནད་བཅོས་སྨན་གསོའི་ཉེན་ཚབ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག