མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སང་ལོར་ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་ལ་བྱིས་པ་ཁང་སུམ་ཅུ་ལྷག་ལས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པའི་ཆེད་དོན་བྱ་བའི་ཚུན་ཆུང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པ་རྣམས་ལ་ཁྱིམ་ཚང་ལྟ་བུའི་སེམས་ཁུར་དང་ལྟ་སྐུལ་སྲུང་སྐྱོབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སང་ལོ་ནས་བཟུང་སྟེ་ཡང་བསྐྱར་ཞིང་ཆེན་རིམ་པའི་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པ་ཁང་སུམ་ཅུ་ལས་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་གནས་གཏན་ཁེལ་མིན་པའི་མི་གྲངས་ཁྲི་ལྔ་དང་སྟོང་བརྒྱད་བདུན་བརྒྱ་ལྷག་ལ་འོས་འགན་སློབ་གསོ་དང་ལེན་བྱས་པ་དང་། སློབ་གྲྭ་ནས་འོས་འགན་སློབ་གསོ་ཐོབ་པའི་མི་གྲངས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་ཟིན་ཞིང་། ཕ་མ་གམ་དུ་མེད་པའི་བྱིས་པ་ཁྲི་བཞི་དང་སྟོང་གསུམ་བརྒྱ་དང་བཅོ་བརྒྱད་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་སློབ་མས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་ཟིན། ད་ལྟ་ཞིང་ཆེན་ཡོངས་སུ་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པ་ཁང་ཉིས་བརྒྱ་དང་གོ་གཉིས་ཡོད། ཞིང་ཆེན་ཡོངས་ཀྱི་གཅེས་སེམས་འབུལ་མཁན་གྱི་ཨ་མ་སྟོང་དྲུག་དང་གྱ་ལྔ་ཡོད་པས། ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པ་ཁྲི་གཉིས་དང་སྟོང་གསུམ་ལྷག་ལ་ཨ་མ་ལྟ་བུའི་བརྩེ་སེམས་དང་དངོས་བོའི་ཐད་ནས་རོགས་རམ་བྱེད་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག