མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གོ་བདུན་དུ་སླེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད་དེ། ཟླ་དགུ་བའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་ཁང་ཁྲི་དྲུག་དང་སྟོང་གཉིས་བདུན་བརྒྱ་ང་གཅིག་ལས་མགོ་བརྩམས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་རྨིས་གྲུ་བཞི་མ་བཞི་བརྒྱ་དང་ཉེར་དྲུག་ལྷག་ལ་སླེབས་ལ། སྡོད་ཁང་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གོ་བདུན་དུ་སླེབས། ཁང་བ་ཁྲི་བཞི་དང་སྟོང་བདུན་ལྔ་བརྒྱ་གྱ་དགུ་ལས་ཚར་བ་དང་། ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་དོན་གསུམ་ལ་སླེབས་ནས། ས་ཆ་སོ་སོའི་རོང་འབྲོག་མང་ཚོགས་རྣམས་སྡོད་ཁང་གསར་བ་ནང་དུ་གནས་སྤོར་ཐུབ་པ་བྱུང་།

2014ལོར། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་གྱི་སྤྱིའི་གཞི་ཁྱོན་ཁང་བ་ཁྲི་དྲུག་དང་སྟོང་ལྔར་སླེབས་པ་དང་། དེའི་ཁྲོད། དབུལ་ཕོངས་མང་ཚོགས་ཀྱི་ཉེན་ཁང་བསྒྱུར་བཀོད་ཀྱི་ཁང་བ་ཁྲི་གཉིས་དང་སྟོང་ལྔ་འདུ་བ་དང་། སྤྱིར་བཏང་མང་ཚོགས་ཀྱི་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ཁང་བ་ཁྲི་བཞི་འདུ། ལོ་སྟོད་དུ། གྲོང་ཁྱེར་དང་ཁུལ། རྫོང་དུ་ལས་འགན་དམིགས་ཚད་བཏོན་རྗེས། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་དམ་དུ་དམིགས་ནས། ཕན་ཡོད་བྱེད་ཐབས་སྤྱད་དེ། ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ལས་གཞི་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག