མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་ཚོགས། གྲོས་ཚོགས་ནས་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པའི་བྱ་བར་སྤྱི་བསྡོམས་བྱས་པ་དང་བརྗེ་རེས་བྱས་པ་མ་ཟད་གོ་རིམ་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མིན་པའི་བྱིས་པའི་ཆེད་དོན་བྱ་བའི་ཚན་ཆུང་གི་ཙུའུ་ཀྲང་སུའུ་ཉིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

 གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྔར་ལས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ཁོང་དུ་ཆུད་པར་བྱས་ནས། ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བ་བཟང་བོར་སྒྲུབ་པའི་འགན་ཁུར་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བ་བཟང་བོར་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་ཟུང་དུ་སྦྲེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། གཞི་གསུམ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ཟུང་དུ་སྦྲེལ་ནས། ཞིང་སྡེ་དང་གྲོང་ཁྱེར་སྡོད་དམངས་བྱ་བ་དེ་ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བའི་གནད་སར་བརྩིས་ཏེ། ཕ་མ་གམ་དུ་མེད་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་གནས་དང་ཁོངས་མི་སོ་སོའི་ལས་ཁུངས་ཀྱིས་མུ་མཐུད་དུ་གོ་གནས་དྲུག་གཞི་གཅིག་ཡིན་པའི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་བྱེད་པའི་བྱ་བ་དེ་མཚོ་སྔོན་གྱི་རྣམ་པ་ལྟར་གཏིང་ཟབ་དུ་སྤེལ་དགོས་པ་དང་། སྐོར་དང་པོའི་ཕ་མ་གམ་དུ་མེད་པའི་བྱིས་པའི་ལས་གཞིའི་རོགས་སྐྱོར་བྱ་བར་ཡར་སྐུལ་བྱེད་པ། ཕ་མ་གམ་དུ་མེད་པའི་བྱིས་པའི་དཀའ་ཁག་གནད་དོན་ཐག་གཅོད་པར་འགན་སྲུང་བྱས་ནས། མཉམ་དུ་ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་ལ་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག