མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ཏང་ཨུས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ནས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-27 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཏེ། ཏང་གི་18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་བྱས།  གྲོས་ཚོགས་ལས་ནན་ཏན་སྒོས་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་སྟེང་གི་ལས་འགན་གཙོ་གནད་དུ་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཉིས་ཟུང་འབྲེལ་བྱས་པ་བརྒྱུད།  ཞིང་ཆེན་ཡོངས་ནས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚྭ་རླབས་ཤིག་རྒྱས་སུ་འཇུག་དགོས་པ་དང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་དོན་དངོས་སྟེང་ལག་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧེ་ཉིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་གཏམ་བཤད་གལ་ཆེན་བྱས།

ལའོ་ཧེ་ཉིན་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་བྱེད་པ་ནི་རྒྱལ་ཁབ་སྐྱོང་བའི་གསར་བརྗེ་གཏིང་ཟབ་མོ་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་བསམ་བློ་དང་འགུལ་སྤྱོད་གཉིས་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་དང་གཅིག་མཐུན་བྱེད་དགོས་ལ།  ཧུར་ཐག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རླབས་ཆེན་ལག་ལེན་སྟེང་ཞུགས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མཚོ་སྔོན་གྱི་ཆབ་སྲིད་ལས་དོན་སྐྱོང་བའི་རྨང་གཞི་རུ་འཛིན་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་། མུ་མཐུད་དུ་ཁ་ཕྱོགས་ཡང་དག་ཡིན་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་སྤེལ་བ།  ནུས་ཤུགས་ཡོད་ཚད་བཏོན་ནས‘ས་ཁུལ་གསུམ’དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་སྟེང་སྙེག་དགོས་པ་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག