མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཤུལ་བཞག་རིག་དངོས་བཞི་ཀྲུང་གོའི་ཤུལ་བཞག་རིག་དངོས་བཤམས་སྟོན་ཚོགས་འདུའི་སྟེང་བཀྲམ་པ་དང་རྒྱུན་འཛིན་མཁན་བཞི་ལ་ཕུལ་བྱུང་བྱ་དགའ་ཐོབ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-27 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན།  ཟླ10བའི་ནང་རིག་གནས་པུའུ་དང་ཧྲན་ཏོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་པའི་སྐབས་གསུམ་པའི་ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཚོགས་འདུ་ཅིས་ནན་གྲོང་ཁྱེར་ནས་བསྡུས།  རང་ཞིང་གི་རེབ་གོང་སྒྱུ་རྩལ་དང་ཐུན་རིན་རྫོང་གི་པར་ཤིང་ལག་རྩལ། ཧོང་ཀྲུང་རྫོང་གི་ཟངས་མགར་དངུལ་མགར་ལག་རྩལ་དང་གསེར་ཆུ་སྤྲས་པའི་ལག་རྩལ།  ཙོང་ཁའི་ཚེམ་དྲུབ་སོགས་དངོས་མིན་ཤུལ་བཞག་རིག་དངོས7ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པ་དང་།  དངོས་མིན་ཤུལ་བཞག་རིག་དངོས་རྒྱུན་འཛིན་མཁན4ལ་ཕུལ་བྱུང་འགྲེམ་སྟོན་བྱ་དགའ་ཐོབ། ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་དངོས་མིན་ཤུལ་བཞག་རིག་གནས་ཕུལ་བྱུང་གསར་སྐྲུན་ཐོན་རྫས་འགྲེམ་སྟོན་བྱ་དགའ་བཅས་ཐོབ།

ཤུལ་བཞག་རིག་དངོས་འགྲེམ་སྟོན་སྐབས་སུ་སྐབས་གསུམ་པའི་ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཚོགས་འདུའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཐད་ཀྱི་བགྲོ་གླེང་སྤེལ་བ་དང་། རང་ཞིང་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ཡིན་པའི་ཆ་ནས་ཚོགས་ཞུགས་འཐུས་མི་རྣམས་ལ་ཉམས་མྱོང་མཚམས་སྦྱོར་བྱས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག