མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་བཟོ་འགོད་སྤེལ་ཚུལ97%ཟིནཔ་དང་རོང་འབྲོག་པ་མང་པོ་སྡོད་ཁང་གསར་བ་ནང་གནས་སྤར་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-10-27 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ10བའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ཕྱོགས་མང་པོས་འབད་པ་བྱས་འོག  ད་ལོའི་ཟླ9བའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ལས་དུད་ཁྱིམ62751དངོས་སུ་ལས་འགོ་བརྩམས་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི426.35ཟིན་པ་དང་།  ལས་འགོ་སྤེལ་ཚད97%ལ་སླེབས་ཡོད་པ་དང་ལེགས་འགྲུབ་འབྱུང་ཚད73%ཟིན། དུས་ཚིགས་བཞི་བའི་ཨར་ལས་བྱེད་པ་དང་ཁང་པ་ལེགས་འགྲུབ་འབྱུང་བའི་དུས་ཡུན་ལ་སླེབས་དུས།  ས་གནས་སོ་སོའི་རོང་འབྲོག་ས་ཁུལ་དུ་སྡོད་དམངས་ཁང་གསར་ནང་གནས་སྤར་བའི་གཏམ་བཟང་སྒྲོག་བཞིན་ཡོད།

2014ལོར། རང་ཞིང་གི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་སྤྱིའི་གཞི་ཁྱོན་ནི་དུད་ཁྱིམ་ཁྲི6.5ཡིན།  དེའི་ནང་དབུལ་ཕོངས་མང་ཚོགས་ཀྱི་ཁང་རྙིང་ལེགས་བསྒྱུར་བྱེད་པར་དུད་ཁྱིམ་ཁྲི2.5དང་། མང་ཚོགས་ལ་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དུད་ཁྱིམ་ཁྲི4བཅས་འདུས། ལོ་འགོར་གྲོང་ཁྱེར་དང་ཁུལ། རྫོང་བཅས་ལ་ལས་འགན་དམིགས་ཚད་གནང་རྗེས། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་དུ་ཞིང་ཆེན་ཏང་ཨུས་ཐབས་ཇུས་བཀོད་སྒྲིག་ལྟར།  ནུས་ཤུགས་ཡོད་ཚད་བཏོན་ནས་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལས་འགོ་རྩོམ་བཞིན་ཡོད་པ་རེད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག