མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་རིང་གི་ཚོང་དོན་འཁོར་རྒྱུག་གནས་སྟངས་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་རིང་གི་ཚོང་དོན་འཁོར་རྒྱུག་གནས་སྟངས་ལ་དབྱེ་ཞིབ་བྱེད་པའི་་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གི་ཐུན་མོང་འབད་འཐབ་འོག་ཏུ། གཞི་ནས་དུས་ཚིགས་གསུམ་རིང་གི་འཛད་སྤྱོད་འཕེལ་ཚད་སྔར་ལས་མདུན་གྲས་སུ་བསླེབས་ཡོད་ཅིང་། བརྟན་འཇགས་ངང་འཕར་སྣོན་ཡོང་བ་སྔར་མུས་བཞིན་རྒྱུན་འཛིན་བྱེད་ཐུབ་ཡོད་པ་མ་ཟད། ད་དུང་ནང་འདྲེན་གྱི་གནས་སྟངས་སྔར་ལས་ཇེ་བཟང་དུ་སོང་ནས། ཕྱི་ཕྱོགས་སུ་ཉོ་འཚོང་བྱེད་པའི་བརྟན་སྲུང་བྱས་ཏེ། ཕྱིར་འཚོང་ནང་འདྲེན་གྱི་རྣམ་པ་མཐུན་སྦྱོང་ལེགས་པོ་ཡོང་བའི་ཐད་བྱེད་ནུས་མི་དམན་པ་བཏོན་ཡོད་ཟེར།

ཝང་ཞའོ་ཡིས་ནན་གྱིས་བསྟན་དོན། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཁོར་རྒྱུག་གནས་སྟངས་སྔར་བཞིན་ཛ་དྲག་ཡིན་པས། ས་གནས་དང་ཚོང་དོན་སོགས་འབྲེལ་ཡོད་སྡེ་ཁག་ཚང་མས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཚོང་དོན་འཁོར་རྒྱུག་ཁྲོད་གནས་པའི་ལས་སྒོ་ཡོད་ཚད་འཐུས་ཤོར་མེད་པའི་ངང་བསྒྲུབ་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བླ་མེད་འཇོག་པར་ཧུར་ཐག་འབད་འཐབ་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག