མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་སློབ་གྲྭ་ཆེན་མོས་སློབ་གསོའི་ཐེབས་རྩ་ཚོགས་པ་བཙུགས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཆོག་མཆན་ཐོ་འགོད་བྱས་པ་བརྒྱུད་དེ། མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གསོ་ཐེབས་རྩ་ཚོགས་པ་འཛུགས་པ་དང་ཞལ་འདེབས་ཕུལ་བའི་མཛད་སྒོ་མཚོ་སྔོན་སློབ་གྲྭ་ཆེན་མོའི་ཚན་རྩལ་ཁང་ནས་བསྡུས། མཛད་སྒོའི་སྟེང་པེ་ཅིན་ཅཱ་ལེན་མ་རྐང་ཚོད་འཛིན་ཚད་ཡོད་འགན་ལེན་ཀུང་ཟི་དང་། ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་། སྐྱེ་དངོས་ར་བའི་ཁུལ་གྱི་དོ་དམ་ཚོགས་པ་སོགས་ཀྱིས་ཐེབས་རྩ་ཚོགས་པར་སྒོར་མོའི་ཞལ་འདེབས་ཕུལ་བ་དང་། མིག་སྔར་ཐེབས་རྩ་ཚོགས་པའི་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་བསྡུ་རུབ་བྱས་ཡོད།

མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གསོ་ཐེབས་རྩ་ཚོགས་པ་ནི་མང་ཚོགས་ལ་ཞལ་འདེབས་ཕུལ་མི་ཆོག་པའི་ཐེབས་རྩ་ཚོགས་པ་ཞིག་ཡིན་ལ། ལས་སྒོའི་གཙོ་གཉེར་སྡེ་ཁག་ནི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ཡིན། ཐེབས་རྩ་ཚོགས་པ་འཛུགས་པའི་དམིགས་ཡུལ་ནི། མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གསོ་ལས་དོན་གོང་འཕེལ་དུ་གཏོང་བ་དང་། དེང་རབས་སློབ་གྲྭ་ཆེན་མོའི་ལམ་ལུགས་འཛུགས་པ། སློབ་སྒྲུབ་དངོས་ཤུགས་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཁག་དང་མི་སྒེར་གྱི་རྒྱབ་སྐྱོར་དང་རོགས་སྐྱོར་བརྩོན་ལེན་བྱེད་རྒྱུ་བཅས་རེད། དེ་དང་མཉམ་དུ། གནས་བབ་གསར་བའི་འོག་གི་སློབ་སྒྲུབ་མ་དཔེ་འཚོལ་ཞིབ་དང་། སློབ་གསོའི་མ་དངུལ་གསོག་གྲབས་བྱེད་ཐབས་སྣ་མང་ཅན་དུ་བསྒྱུར་བའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། སློབ་གྲྭ་ཕྱོགས་ཡོངས་དང་སྒོ་འབྱེད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གདམ་གསེས་གལ་ཆེན་རེད།

མཛད་སྒོའི་སྟེང་། མཚོ་སྔོན་སློབ་གྲྭ་ཆེན་མོའི་དབུལ་ཕོངས་སློབ་མ་དྲུག་ཅུ་ལ་སོ་སོར་སྒོར་སྟོང་གསུམ་རེའི་སློབ་གསོའི་རོགས་སྐྱོར་མ་དངུལ་ཐོབ།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག