མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གྱི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་བསྒྲུབས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གྱིས་སྡེ་བ་རིམ་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་ནུས་པ་སྔར་ལས་མཐོར་འདེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཧྲན་ཏུང་ཞིང་ཆེན་ཐན་ཧྥང་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་རུ་དུས་ཡུན་ཉིན་དྲུག་ཡིན་པའི་སྐབས་དང་པོའི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གྱི་ཞིང་ཆེན་རིམ་པའི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་སོ་བརྒྱད་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་དཔེ་སྟོན་འཛིན་གྲྭའི་དམིགས་ཡུལ་ནི། ཐན་ཧྥང་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས། རང་ཞིང་གི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཚོས་ཐན་ཧྥང་གྲོང་ཁྱེར་གྱིས་ཞིང་ལས་ཐོན་ལས་ཅན་ལག་བསྟར་བྱས་པའི་ཐད་ཀྱི་གྲུབ་འབྲས་དང་ཞིང་སྡེ་གསར་བའི་འཛུགས་སྐྲུན་སྤེལ་བའི་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་ཐུན་མོང་གི་སློབ་སྦྱོང་བྱེད་རྒྱུ་དེ་རེད། གསོ་སྦྱོང་བརྒྱུད་དེ། ཐན་ཧྥང་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་ཅན་ལག་བསྟར་དང་ཞིང་སྡེ་གསར་བའི་འཛུགས་སྐྲུན་སྤེལ་བའི་ཐད་ནས་བླངས་བའི་གྲུབ་འབྲས་ཀྱིས་གསོ་སྦྱོང་ལ་ཞུགས་པའི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག་པ་མ་ཟད། ཁོ་ཚོ་ཞིང་སྡེ་འབྲོག་ཁུལ་དུ་ཟབ་ཞུགས་བྱས་ཏེ། ས་དེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག