མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་བྱས་ཏེ་ཟླ9བའི་ཟླ་མཇུག་བར་དུ་སྡོད་ཁང་ཁྲི7.26་ལེགས་འགྲུབ་བྱེད་ཐུབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-26 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ནི“ལྔ་བཅུ་གཉིས་པའི”དུས་སྐབས་སུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་ཅིག་ཡིན་པ་དང་། ཚན་རིག་གི་འཕེལ་རྒྱམས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་སྤོ་བསྒྱུར་བྱེད་པའི་བྱེ་བྲག་གི་ལག་ལེན་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་བྱ་བའི་ལས་འགན་གཙོ་བོ་ཞིག་ཀྱང་ཡིན།

ཟླ9བའི་ཟླ་མཇུག་བར་དུ། མཚོ་སྔོན་གྱིས2014ལོའི་གྲོང་རྡལ་འགན་སྲུང་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི10.16འཛུགས་སྐྲུན་བྱས་ཤིང་། དེའི་ནང་སྡོད་ཁང་ཁྲི7.26འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད་ལ། སྡོད་ཁང་ཁྲི5.49ནང་གནས་སྤར་ཡོད། དེས་སོ་སོར་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི92%དང91%། 76%བཅས་ལེགས་འགྲུབ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་ཁང་ཁྱིམ་ཚང62751འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི426.35ལ་སླེབས་པ་དང་། ལས་འགོ་བརྩམས་ཚད97%ལ་སླེབས་ལ། ཁྱིམ་ཚང47589འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་ལེགས་འགྲུབ་བྱུང་ཚད73%ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱིས་ད་ལོར་མཐོ་སྒང་གི་མཛེས་སྡུག་ཤང་སྡེ300འཛུགས་སྐྲུན་བྱེད་པ་ཚང་མ་ལས་འགོ་བརྩམས་ཡོད།

མིག་སྔའི་བར་དུ། མཚོ་སྔོན་གྱིས་བསྡོམས་པས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྱིམ་ཚང་ཁྲི43འཛུགས་སྐྲུན་བྱས་པ་དང་། དེའི་ནང་ཁྱིམ་ཚང་ཁྲི34འཛུགས་སྐྲུན་ལེགས་འགྲུབ་བྱས་ལ། ཁྱིམ་ཚང་ཁྲི21ནང་གནས་སྤར་ཡོད། རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཁྱིམ་ཚང་ཁྲི58.36བཀོད་སྒྲིག་བྱས་ལ། “ལྔ་བཅུ་གཉིས་པའི”ཚུན་དུ་ས་ཁང་བདག་ཁོངས་གསར་སྤེལ་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར780.91ལེགས་འགྲུབ་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག