མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བརྟག་བཤེར་ལས་མངོན་པ་ལྟར་ན་དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་སྒོ10%ལྷག་འཕར་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-26 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གཅིག་གྱུར་ཅན་གྱི་ཁྱིམ་ཚང་བརྟག་བཤེར་ལས་མངོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་སྒོར10300.85ལ་སླེབས་པ་དང་དུས་མཉམ་ལས10.6%འཕར་ཡོད། ཡོང་སྒོའི་གྲུབ་ཚུལ་ལ་གཞིགས་ན། མཚོ་སྔོན་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར5967.36ལ་སླེབས་པ་དང7.6%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་བདག་གཉེར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར1433.20དང18.1%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར2296.14དང6.4%འཕར་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག