མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཤང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས་པ་དང་ཀྲང་ཀོང་རོང་གིས་གཏམ་བཤད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-25 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཤང་གྲོང་ཕྱོགས་བསྡུས་བཅོས་སྐྱོང་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནས་བསྡུས། ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཤང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུ་སྲིད་ཨུའི་ཧྲུའུ་ཅི་ཀྲང་ཀོང་རོང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་འབྲེལ་ནས་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་དང་རྩ་བའི་གནད་དོན་ཐག་གཅོད་ལ་རྐང་བཙུགས་ཏེ། མུ་མཐུད་དུ་གཙོ་གནད་ཤང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་གཙིགས་སུ་བཟུང་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ཀྲང་ཀོང་རོང་གིས་བསྟན་དོན། ན་ནིང་གི་དགུན་ཁ་ནས་ད་ལོའི་དཔྱིད་ཀ་ནས་བཟུང་། ང་ཚོས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཤང་གྲོང44ལ་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་དང་། སྤྱིའི་ཆ་ནས་ཕན་འབྲས་མངོན་གསལ་ཡིན་པ་དང་། འོན་ཀྱང་སུམ་ཆའི་གཅིག་གི་གཙོ་གནད་ཤང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་འཕེལ་ཚད་ཅུང་དལ་བ་རེད། ནན་ཏན་སྒོས་པད་མ་རྫོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་ཐུན་རིན་རྫོང་གི་བྱེད་ཐབས་དང་ཉམས་མྱོང་ལེགས་པོ་ལ་སློབ་སྦྱོང་བྱས་ཏེ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་གཏིང་ཟབ་ཀྱིས་སྐུལ་འདེད་གཏོང་དགོས་ཤིང་། མུ་མཐུད་དུ་གཙོ་གནད་ཤང་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་གཙིགས་སུ་འཛིན་དགོས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག