མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར6ཙམ་བཀོད་སྒྲིག་བྱས་ཏེ་ཞིང་ལས་ཆུ་བེད་འཛུགས་སྐྲུན་ཐད་བཀོལ་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-25 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ཆུ་བེད་འཛུགས་སྐྲུན་དེ་འབུར་ཐོན་གྱི་གནད་སར་བཞག་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་པ་དང་། ད་ལོར་ཞིང་ལས་ཆུ་བེད་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར6ཙམ་བཀོད་སྒྲིག་བྱས་ཡོད།

ལོ་འགོ་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ལས་ཆུ་བེད་ཆུང་བའི་གཙོ་གནད་རྫོང་གི་ཆེད་སྤྱོད་འཛུགས་སྐྲུན་མ་དངུལ་སྒོར་ཁྲི57100བཀོད་སྒྲིག་བྱས་ཏེ། ཤུགས་ཆེན་པོས་ཞིང་ལས་ཆུ་བེད་ཆུང་བའི་འཛུགས་སྐྲུན་གཙོ་གནད་རྫོང21དང་ལས་གཞིའི་རྫོང4ལ་གཙོ་བོ་ཕན་ནུས་མཐོ་བའི་ཆུ་གྲོན་ཆུ་འདྲེན་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་ཚད་གཞི་མཐོ་བའི་ཞིང་ལས་ཆུ་བེད་འཛུགས་སྐྲུན་དང་ཆུ་འདྲེན་ཆ་སྡེབ་སྒྲིག་ཆས་ལེགས་བཅོས། རི་མ་ས་ཁུལ་གྱི་བཟོ་འགོད་སོགས་འཛུགས་སྐྲུན་བྱས་ཤིང་། ཞིང་ལས་ཆུ་བེད་སྒྲིག་ཆས་འཁོར་སྐྱོད་དོ་དམ་མ་དངུལ་སྒོར་ཁྲི1650བཀོད་སྒྲིག་བྱས་ནས་ས་ཁུལ་སོ་སོས་ཞིང་ལས་ཆུ་བེད་སྒྲིག་ཆས་ཀྱི་རྒྱུན་ལྡན་ཞིག་གསོ་ལ་རོགས་སྐྱོར་བྱས། དུས་མཚུངས་སུ་བཅོས་སྒྱུར་ཚོད་ལྟའི་ས་ཚིགས་ལ་མ་དངུལ་སྒོར་ཁྲི1200བཏང་ནས་། ཁྲི་ཀ་རྫོང་གིས་ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་དང་ཞིང་ལས་ཆུ་བེད་སྒྲིག་ཆས་ཁེ་དབང་ལམ་ལུགས། འཁོར་སྐྱོད་ལམ་ལུགས་དོ་དམ་ལྟ་སྐུལ་ལམ་ལུགས་ཀྱི་ཚོད་ལྟའི་ས་ཚིགས་སྤེལ་བར་རོགས་སྐྱོར་བྱས་ལ། ཏ་ཐུང་རྫོང་དང་མིན་ཧི་རྫོང་། གུང་ཧི་རྫོང་བཅས་ཀྱིས་གཞི་ཁྱོན་ཆུང་བའི་ཆུ་བེད་བཟོ་འགོད་དོ་དམ་ལག་ལུགས་བཅོས་སྒྱུར་ཚོད་ལྟའི་ས་ཚིགས་སྤེལ་བར་རོགས་སྐྱོར་བྱས། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག