མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་བཞི་ལོའི་དངུལ་ཁང་ཁེ་ལས་ཀྱི་ལས་གཞི་གཙོ་བོའི་མཉམ་ལས་ཆིངས་ཡིག་འགོད་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་སྡེ་ཁག་གིས་བཟོ་ལས་ཁེ་ལས་དང་ལས་གཞི་གཙོ་བོར་རྒྱབ་སྐྱོར་བྱེད་པའི་མཉམ་ལས་ཆིངས་ཡིག་འགོད་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་སྡེ་ཁག་བཅུ་གསུམ་གྱིས་བཟོ་ལས་ཁེ་ལས་ཉིས་བརྒྱ་རེ་བདུན་ལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གསུམ་འབུམ་བཞིའི་མ་དངུལ་འདོན་སྤྲོད་བྱེད་པའི་མཉམ་ལས་ཀྱི་འདོད་བློ་བཀོད་པ་དང་། ཁེ་ལས་ཉེར་དྲུག་གིས་ཡུལ་དངོས་ནས་ཆིངས་ཡིག་བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ལོ་ཡུས་ལིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་ནང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་ལོར་སྡེ་ཁག་གིརང་རྟོགས་ཀྱིས་བྱ་སྤྱོད་སྤེལ་ཏེ། དངུལ་བུན་གཏོང་ཤུགས་ཇེ་ཆེར་བཏང་སྟེ་ཞིང་ཆེན་ཡོངས་བརྟན་འཇགས་འཕར་སྣོན་དང་། སྒྲིག་གཞི་བཅོས་སྒྱུར། བཅོས་སྒྱུར་བྱེད་པའི་ཐད་རྗེས་ཆེན་པོ་བཞག ཁྱད་པར་དུ་དེང་སྐབས་དཔལ་འབྱོར་བསྟུན་མར་མར་ཆགས་པ་དང་། འཁོར་རྒྱུགས་རང་བཞིན་གྱི་མ་དངུལ་དཀོན་པའི་གནས་ཚུལ་འོག དངུལ་ཁང་དང་ཁེ་ལས་ཀྱིས་ཕན་ཚུན་འབྲེལ་འདྲིས་བྱས་པ་དེས་ཁེ་ལས་ཀྱི་བརྟན་འཇགས་ཐོན་སྐྱེད་ཚོང་གཉེར་དང་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས། ཐོན་ལས་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བ་བཅས་ལ་སྐུལ་སྤེལ་གྱི་ནུས་པ་གལ་ཆེན་ཐོན། འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་སྒོས་མཉམ་མྱོང་སྤྱི་སྡོམ་བྱས་ནས་བྱ་བའི་རྣམ་པ་གསར་གཏོད་བྱས་ཏེ། དངུལ་ཁང་དང་སྲིད་གཞུང་། ཁེ་ལས་བཅས་ཀྱི་མཉམ་ལས་དེ་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཕན་ཡུན་ཅན་བཅས་སུ་གཏོང་བར་ཡར་སྐུལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་བཟང་པོ་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག