མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཞིན་ཀྲི་སློབ་ཆུང་དུ་སོང་ནས། ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་ལ་འཚམས་འདྲི་བྱས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་ཚེས་ཉེར་གཉིས་ཉིན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཞིན་ཀྲི་སློབ་ཆུང་དུ་སོང་ནས། ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་ལ་འཚམས་འདྲི་བྱས།

ཞིན་ཀྲི་སློབ་ཆུང་ལ་བསྡོམས་པས་སློབ་མ་སྟོང་གཅིག་དང་བཞི་བརྒྱ་དང་གྱ་གཅིག་ཡོད་པ་དང་། དེའི་ནང་དུ་གནས་གཏན་ཁེལ་མེད་པའི་བྱིས་པ་ལྔ་བརྒྱ་དང་སོ་དགུ་ཡོད་ལ། ཕ་མ་གམ་དུ་མེད་པའི་བྱིས་པ་བཅུ་གཉིས་ཡོད། སུའུ་ཉིན་གྱིས་སློབ་གྲྭའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱས་པ་མ་ཟད། སློབ་ཆུང་དེའི་ཕ་མ་གམ་དུ་མེད་པའི་གནས་གཏན་ཁེལ་མེད་པའི་བྱིས་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། སུའུ་ཉིན་གྱིས་ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་དང་བརྗེ་རེས་བྱས་པ་མ་ཟད་བྱིས་པ་རྣམས་ཀྱི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བྱིས་པ་རྣམས་ཀྱིས་སློབ་སྦྱོང་བཟང་བོ་བྱེད་དགོས་ཤིང་། བདེ་ཐང་ངང་འཚར་ལོངས་བྱུང་ནས། ནར་སོན་རྗེས་མེས་རྒྱལ་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་མཁན་ཞིག་ཏུ་འགྱུར་དགོས་པའི་རེ་བ་བཏོན།

སུའུ་ཉིན་གྱིས་ནན་གྱིས་བསྟན་དོན། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་རེད། ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བ་ནི་ཡུན་རིང་གི་བྱ་བའི་ལས་འགན་ཞིག་དང་། འགན་འཁྲི་ལྗིད་མོ་ཞིག བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། སློབ་གྲྭའི་ནུས་པ་གཙོ་བོ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ས་བོན་ལོ་ཆུང་བྱིས་པ་རྣམས་ཀྱི་སེམས་ཁོངས་སུ་གནས་དགོས་པ་དང་། རྒྱུན་ཆད་མེད་པར་ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བའི་བྱེད་ཐབས་གསར་སྐྲུན་བྱེད་པ་དང་། ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་བྱེད་པའི་ཡུན་ཕན་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱི་ཚོགས་ཀྱི་གཅེས་སེམས་ལྡན་པའི་མི་སྣ་སྔར་ལས་མང་བོ་གཅེས་སེམས་འབུལ་བའི་བྱ་འགུལ་དུ་ཞུགས་པར་སྣེ་ཁྲིད་དེ། སྤྱི་ཚོགས་ཀྱི་ཁོར་ཡུག་ཅུང་བཟང་བོ་ཞིག་ཆགས་པར་བྱེད་དགོས་པ་དང་། ཐབས་ལམ་མང་པོ་སྤྱད་དེ། ཕ་མ་གམ་དུ་མེད་པའི་བྱིས་པའི་བྱ་བ་ཡར་སྐུལ་བྱེད་པ་དང་། ཕ་མ་གམ་དུ་མེད་པའི་བྱིས་པ་རྣམས་སྐྱོན་བྲལ་བའི་ངང་འཚར་ལོངས་བྱུང་སྟེ། མི་དམངས་མང་ཚོགས་ཡིད་ཚིམ་པའི་སློབ་གསོ་ཞིག་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག